གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚོགས་ཐེངས་༩ པ་ ད་རིས་འགོ་བཙུག་ནི།

༉ སྤྱི་ཚོགས་དང་པའི་ཚོགས་ཐེངས་༩ པ་དེ་ ད་རིས་ རང་ལུགས་བཞུགས་གྲལ་ཕུན་སུམ་ཚོགས་པའི་ རྟེན་འབྲེལ་དང་བཅསཔ་སྦེ་ དབུ་འཛུགས་གནང་ནི་ཨིན་པས།


རེས་གཟའ་མིག་དམར་ལས་ རྒྱལ་ཡོངས་ཚོགས་འདུའི་ འཐུས་མི་ཚུ་གིས་ ཆ་འཇོག་གི་དོན་ལུ་ ནང་འཁོད་རྩུབ་སྤྱོད་དཔྱད་ཡིག་༢༠༡༢ དང་ ལམ་གྱི་དཔྱད་ཡིག་༢༠༡༢ ཅན་མ་ སའི་དཔྱད་ཡིག་༢༠༡༢ རྒྱལ་དར་དཔྱད་ཡིག་༢༠༡༢ དང་ སྤྱི་ཚོགས་ཀྱི་ འཐུས་མིའི་ཐོབ་ཐངས་ཀྱི་ དཔྱད་ཡིག་༢༠༡༢ ཅན་མ་ཚུ་ གསུང་གྲོས་གནང་ནི་ཨིན་པས།
དེ་མ་ཚད་ འབྲུག་རྒྱལ་པོ་རྒུད་གསོའི་ མ་དངུལ་དཔྱད་ཡིག་༢༠༡༡ ཅན་མ་དང་ འབྲུག་གི་རིག་པའི་འབྱུང་གནས་དཔྱད་ཡིག་ ༢༠༡༡  འབྲུག་གི་རྐྱེན་ངན་འཛིན་སྐྱོང་གི་དཔྱད་ཡིག་༢༠༡༡ ཅན་མ་ཚུ་ བསྐྱར་གྲོས་གནང་ནི་ཨིན་པས།
སྤྱི་ཟླ་༦ པའི་ཚེས་༢༠ ལུ་ དངུལ་རྩིས་བློན་པོ་གིས་ ལོ་བསྟར་གྱི་ འཆར་དངུལ་སྙན་ཞུ་དང་ ཁྲལ་རིགས་བསྐྱར་བཟོའི་སྐོར་ གསལ་བཤད་ཕུལ་ནི་ཨིན་པས།
སྤྱི་ཟླ་༧ པའི་ཚེས་༩ ལུ་ བློན་ཆེན་མཆོག་གིས་ གཞུང་གི་ཁྲིམས་བཟོ་དང་ ལོ་བསྟར་འཆར་གཞི་གུ་ གཞུང་གི་གཙོ་རིམ་དང་བཅས་པའི་ རྒྱལ་ཁབ་ཀྱི་ གནས་སྟངས་སྐོར་ལས་ ལོ་བསྟར་སྙན་ཞུ་ཅིག་ སྤྱི་ཚོགས་ལྷན་བཞུགས་ནང་ ཕུལ་ནི་ཨིནམ་བཞིན་དུ་ ཚོགས་ཐེངས་༩ པ་དེ་ སྤྱི་ཟླ་༧ པའི་ཚེས་༡༡ ལུ་ མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།

No comments:

Post a Comment