གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གནས་ཚུལ་མདོར་བསྡུས།

འབྲུག་ལུ་ སུ་ཡི་ཌེན་གྱི་གཞུང་ཚབ་ ལརསི་ ཨོ་ལོཕི་ ལིནཌི་གེ་རེན་གྱིས་ ཁ་ཙ་ རྒྱལ་ཡོངས་ཚོགས་ཁང་ནང་སྦེ་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་དང་གཅིག་ཁར་ ཁ་བྲལ་ལེགས་སྨོན་གྱི་དོན་ལུ་ མཇལ་ཕྲད་ཞུ་ཡི།
བློན་ཆེན་གྱིས་ གཞུང་ཚབ་ལུ་ འབྲུག་གི་ གོང་འཕེལ་ལས་དོན་ཚུ་ནང་ ཆ་རོགས་འབད་མི་དེ་ལུ་ བཀའ་དྲིན་དགའ་ཚོར་ཡོད་ལུགས་ཚུ་ གསུངས་ཡོདཔ་མ་ཚད་ སུ་ཡི་ཌེན་གྱིས་ ཨ་རྟག་ར་ འབྲུག་ལུ་ སེམས་ཤུགས་བསྐྱེད་བཅུག་པའི་ཁར་ ལམ་སྟོན་ཚུ་ བྱིན་ཡི་ཟེར་ཨིན་པས།
གཞུང་ཚབ་ ལརསི་ ཨོ་ལོཕི་ ལིནཌི་གེ་རེན་དེ་ སྤྱི་ཟླ་༦ པའི་ཚེས་༦ ལུ་ རྒྱལ་ཁབ་ནང་ ལྷོད་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༡ ལུ་ ནིའུ་ལྡི་ལི་ལུ་ ལོག་འགྱོ་ནི་ཨིན་པའི་གནས་ཚུལ།

No comments:

Post a Comment