གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཞུང་ལམ་བསུབས་མི་དེ་ བསལ་ཚར་རུང་ འགྲུལ་སྐྱོད་འབད་ནི་ལུ་ཉེན་ཁ།

༉ བསམ་གྲུབ་ལྗོངས་མཁར་དང་ བཀྲིས་སྒང་བར་ན་ ས་རུད་ཆད་དེ་ གཞུང་ལམ་བསུབས་མི་ལུ་བརྟེན་ སྣུམ་འཁོར་ཆེ་ཆུང་༢༠༠ དེ་ཅིག་ དུས་ཡུན་ཆུ་ཚོད་༡༠ གྱི་རིང་ ཐོགས་ལུས་མི་དེ་ ཁ་ཙ་ ཕྱི་རུའི་ཆུ་ཚོད་༥ དེ་ཅིག་ལས་ ལམ་ཐལ་ཡོདཔ་ཨིན་རུང་ སྣུམ་འཁོར་ཆེ་བ་ཚུ་ འགྲོ་འགྲུལ་འབད་ནི་ལུ་ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས།


དེ་ཡང་ སྤྱི་ཟླ་༦ པའི་ཚེས་༥ འི་ནུབ་མོ་ ཆརཔ་ཤུགས་སྦེ་ རྐྱབ་མི་ལུ་བརྟེན་ ས་རུད་ཆད་དེ་ གཞུང་ལམ་མི་ཊར་༣༠ དེ་ཅིག་ ས་དང་རྡོ་ཚུ་གིས་ བསུབས་ཡོདཔ་ཨིན་པས།
ས་རུད་ཆད་སའི་ ས་གོ་ནང་ ཇེ་སི་བི་ས་རྐོ་འཕྲུལ་ཆས་དང་ ཇེཀ་ཧེ་མར་༤ དེ་ལས་ དཱན་ཏཱག་ལས་འགུལ་གྱི་ ལས་མི་༢༥ དེ་ཅིག་ བཙུགས་པའི་ཤུལ་ལས་ ལས་བསལ་ཚུགས་ཡོདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ གནས་སྐབས་ཅིག་གི་དོན་ལུ་ འཁོར་ལམ་ལེགས་ཤོམ་སྦེ་ར་ བསལ་ཚུགས་ཡོད་རུང་ ད་རུང་ ཆརཔ་ཤུགས་སྦེ་རྐྱབ་པ་ཅིན་ ས་དང་རྡོ་ཚུ་ རྦོབ་རིལ་འོང་ནིའི་ ཉེན་ཁ་སྦོམ་འདུག་ཟེར་ཨིན་པས།
ད་རེས་ གཞུང་ལམ་བསུབས་མི་དེ་ ཤར་ཕྱོགས་ཁ་ཐུག་ལུ་ ལོ་༢ ཀྱི་རྒྱབ་ལས་ སྦོམ་ཤོས་ཅིག་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment