གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རང་བཞིན་མིན་པའི་ མཚོ་ཅིག་རྦད་ཡོདཔ།

༡༥/༠༦/༢༠༡༢   ༉ སྤྱི་ཟླ་༦ པའི་ཚེས་༡༣ ལས་ འགོ་བཙུགས་ཏེ་ ཆརཔ་མ་ཆད་པར་རྐྱབ་མི་ལུ་བརྟེན་ ངང་ལམ་ཁྲོམ་དང་ དུང་བསམ་རྩི་ས་ལས་འགུལ་གྱི་ས་གནས་ ཅེང་ཁ་རིའི་ སྦུག་ལུ་ཡོད་པའི་ རང་བཞིན་མིན་པའི་མཚོ་དེ་ རྦད་ཡོདཔ་ཨིན་པས།

པདྨ་དགའ་ཚལ་རྫོང་ཁག་ ངང་ལམ་གྱི་ས་གནས་ ཅེང་ཁ་རི་ལུ་ རང་བཞིན་མེན་པའི་ མཚོ་རྦད་འོངམ་ད་ ཆུ་རུད་ཀྱིས་ འཕྱགས་བདའ་འོང་མི་ རག་རོ་ཚུ་ གདུང་བསམ་རྩི་ས་ལས་འགུལ་གྱི་ སྦོ་ལོགས་ཁར་ ཟམ་གྱི་འོག་ལུ་ ཐོགས་ལུས་པའི་མཐོང་སྣང་།

གནས་ཚུལ་བཤད་མི་ཅིག་གིས་འབད་བ་ཅིན་ མཚོ་དེ་ དྲོ་པའི་ཆུ་ཚོད་༢ དེ་ཅིག་ཁར་ རྦད་སོང་ནུག་ཟེར་ཨིནམ་ད་ མཚོ་དེ་ ཧེ་མ་ ཁོ་རོང་ཆུ་ ཁ་བསྒྱུར་འགྱོ་བའི་སྐབས་ ཆགས་ཆགསཔ་ཅིག་ ཨིན་མས་ཟེར་ཨིན་པས།
མཚོ་ཆགས་ས་ལས་ མི་ཊར་༡༥༠ གི་ས་ཁར་ཡོད་མི་ དུར་ཁྲོད་དེ་ བརྒྱ་ཆ་༥༠ ཆུ་གིས་ འཕྱགས་བདའ་ཡོདཔ་མ་ཚད་ དུར་ཁྲོད་ནང་ ཆོ་ག་བཏང་སའི་ ཁང་མིག་ཡོད་མི་དེ་ཡང་ འཕྱགས་བདའ་ཡོདཔ་ཨིན་པས།
ངང་ལམ་དྲུང་པ་ ཉི་མ་རྒྱལ་མཚན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ མ་གཞི་ གཞུང་ལམ་བདའ་སྟེ་ ཟུར་ལམ་ལས་ཕར་ ཆུ་བྱག་བཟོ་སྐྲུན་འབད་དེ་ཡོད་རུང་ མཚོ་དེ་གིས་ གཞུང་ལམ་གྱི་ འགྱམ་རྡོ་ཚུ་ འཕྱགས་འབག་དེས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ལས་སྡེ་དང་ ས་གནས་ཀྱི་ མི་སེར་ཚུ་ལུ་ དྲནམ་བཏོན་སྡོད་དགོ་པའི་སྐོར་ལས་ གསལ་བསྒྲགས་ཚུ་ཡང་འབད་ཡི་ཟེར་ཨིནམ་ད་ ག་དེམ་ཅིག་སྦེ་ ད་རུང་ ཆརཔ་ཤུགས་སྦེ་རྐྱབ་པ་ཅིན་ དཀའ་ངལ་སྦོམ་སྦེ་ར་ འབྱུང་ནི་མས་ཟེར་ཨིན་པས།
ཅེང་ཁ་རི་གི་ ས་གནས་ནང་སྡོད་མི་ཚུ་གིས་འབད་བ་ཅིན་ དུང་བསམ་ལས་འགུལ་གྱི་ འོག་ལུ་ཡོད་མི་ ཟམ་དེ་ཡང་ ཆུ་གིས་ རག་རོ་ཚུ་ འཕྱགས་བདའ་འོང་པའི་སྐབས་ དུམ་གྲ་ཅིག་ མེདཔ་བཏང་ནུག་ཟེར་ཨིན་པས།
ཨིན་རུང་ ངང་ལམ་དྲུང་ཁག་གི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ འཕྲལ་མགྱོགས་ར་ མཚོའི་ཆུ་ཚད་ མར་ཕབ་རྐྱབ་ནིའི་ ལཱ་ཚུ་འགོ་བཙུག་ནི་ཟེར་ཨིན་པས།
མ་གཞི་ ཐབས་ལམ་དེ་གི་དོན་ལུ་ ལཱ་ཚུ་ག་ར་ གྲ་སྒྲིག་འབད་ཡོད་རུང་ ད་ལྟོ་ གཞུང་ལས་ མ་དངུལ་སྒུག་སྡོད་པའི་བསྒང་ཡོད་ཟེར་  དྲུང་པ་ཉི་མ་རྒྱལ་མཚན་གྱིས་ བཤདཔ་ཨིན་པས།

དྲུང་ཁག་འགོ་དཔོན་ཚུ་གིས་འབད་བ་ཅིན་ ག་དེམ་ཅིག་སྦེ་ ལཱ་ཚུ་ འཕྲལ་མགྱོགས་ར་ འགོ་མ་བཙུག་པ་ཅིན་ གདུང་བསམ་རྩི་ས་ལས་འགུལ་དང་ ཅེང་ཁ་རིའི་ཁྲོམ་དེ་ འཕྱག་བདའ་ནིའི་ ཉེན་ཁ་སྦོམ་འདུག་ཟེར་ཨིན་པའི་གནས་ཚུལ།
རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment