གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འཛམ་གླིང་ཏམ་ཁུ་མེད་པའི་ཉིནམ་ བརྩི་སྲུང་འབད་ཡོདཔ།

༉ སྤྱི་ཟླ་ ༦ པའི་ཚེས་ ༣༡ ལུ་ ཐིམ་ཕུ་ ཆུ་ཚོད་འཁོར་ལོ་ཀ་ཆེན་གྱི་ས་ཁོངས་ནང་སྦེ་ འཛམ་གླིང་ཏམ་ཁུ་མེད་པའི་ཉིནམ་བརྩི་སྲུང་འབད་ཡོདཔ་ད་ དེ་ཁར་ ཐིམ་ཁྲོམ་གྱི་མི་སེར་བརྒྱ་ལས་བཅད་མི་གིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།


དུས་ཅི་གི་ཉིནམ་དེ་ ཏམ་ཁུ་རྩ་མེད་གཏང་ནི་དེ་ ཏམ་ཁུའི་བཟོ་གྲྭ་ཁང་ཚུ་གིས་ བར་ཆད་རྐྱབ་མས་ཟེར་བའི་ བརྗོད་དོན་ཐོག་ལུ་ གཞི་བཞག་སྟེ་ བརྩི་སྲུང་འབད་ཡོདཔ་ད་ ལས་རིམ་དེ་ནང་ འཛམ་གླིང་གསོ་བའི་འཐུས་མི་ རྒྱལ་ཁབ་ཚུ་གི་ཧོངས་ལས་ འཛམ་གླིང་སྤྱི་ཚོགས་ ས་ཁོངས་འགོ་འདྲེན་པ་གིས་ རྫས་ངན་ཏམ་ཁུའི་གནོད་པ་ཚུ་གི་སྐོར་ལས་ གསལ་བཤད་ཚུ་འབད་ཡོདཔ་ཨིན་པས།
ཉིནམ་དེ་ནང་ ས་གནས་ཀྱི་ཁྲབ་རྩེདཔ་ཚུ་གིས་ ཏམ་ཁུ་འཐུང་ཆོག་པའི་ས་ཁོངས་དང་ གནོད་པ་ཚུ་གི་སྐོར་ལས་ ཁྲབ་སྟོན་དང་ཞབས་ཁྲ་ཚུ་ མི་མང་ལུ་བརྡ་སྤྲོད་འབད་ཡོདཔ་ཨིན་པས།
ལས་རིམ་དེ་ནང་ བསྟན་རྒྱས་ལྷན་ཁག་འོག་གི་ ཚོང་འབྲེལ་ལས་ཁུངས་ལུ་ ཏམ་ཁུ་བཀག་ཆ་དང་འབྲེལ་བའི་ ཕན་རླབས་དང་ བརྡ་བསྐུལ་ཁྱབ་སྤེལ་འབད་མི་དྲག་ཤོས་ཀྱི་ངོས་འཛིན་ཐོག་ གཟེངས་སྟོད་ཀྱི་རྟགས་མ་དང་ འབྲུག་སྨྱོ་རྫས་དམ་འཛིན་ལས་སྡེའི་ ཁྲིམས་དོན་འགོ་དཔོན་ལུ་ མི་ངོ་རྐྱང་གྱི་གཟེངས་སྟོད་ཀྱི་རྟགས་མ་ཚུ་ སྐུ་མགྲོན་གཙོ་བོ་ རྒྱལ་ཡོངས་ཚོགས་སྡེའི་ཁྲི་འཛིན་ རྣམ་རྒྱལ་དཔལ་འབྱོར་གྱིས་གནང་ཡོདཔ་ཨིན་པས།
འཛམ་གླིང་ཏམ་ཁུ་མེད་པའི་ཉིནམ་དེ་ སྤྱི་ལོ་༡༩༨༧ ལས་ བརྩི་སྲུང་འབད་ནི་འགོ་བཙུགས་ཡོདཔ་ད་ འཛམ་གླིང་གསོ་བའི་ཚོགས་པའི་གནས་ཐོ་དང་འཁྲིལཝ་ད་ འཛམ་གླིང་ནང་ ལོ་བསྟར་བཞིན་དུ་ ཏམ་ཁུ་ལུ་བརྟེན་ མི་ས་ཡ་༥ དེ་ཅིག་ལུ་ ཤི་རྐྱེན་བྱུང་དོ་ཡོདཔ་ད་ སྙན་ཞུ་དང་འཁྲིལཝ་ད་ ལྷོ་ཨེ་ཤི་ཡ་ ལུང་ཕྱོགས་ནང་འཁོད་ནང་ར་ ལོ་བསྟར་བཞིན་དུ་ མི་ས་ཡ་༡.༢ ལུ་ ཤི་རྐྱེན་བྱུང་དོ་ཡོདཔ་ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

No comments:

Post a Comment