གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གི་རིན་སྡེ་ཚན་གྱིས་ ནོར་ཐཱར་སྡེ་ཚན་ལས་རྒྱལ་ཁ་ཐོབ་ཡོདཔ།

གི་རིན་སྡེ་ཚན་གྱིས་ འབའ་གཏད་པའི་བསྒང་།
༡༩/༠༦/༢༠༡༢   ༉ ཁ་ཙ་ ཐིམ་ཕུ་ལྕང་གླིང་མི་ཐང་གི་མདའ་རྩེད་ཐང་ནང་ ཕྱི་རྒྱལ་མདའ་གཞུའི་ཐོག་ལས་ འབའ་སྐྱོར་འོག་མའི་ནང་ གི་རིན་སྡེ་ཚན་དང་ ནོར་ཐཱར་སྡེ་ཚན་གཉིས་ཀྱི་བར་ན་ རྩེད་འགྲན་འབདཝ་ད་ གི་རིན་སྡེ་ཚན་གྱིས་ སྐུགས་༢ འབྱེལཝ་འབྱེལ་ས་ ཆོད་དེ་རྒྱལ་ཁ་ཐོབ་ཅི།


རྩེད་འགྲན་འགོ་བཙུགས་ཏེ་ དུས་ཡུན་ཆུ་ཚོད་༣ གྱི་རིང་ལུ་ སྡེ་ཚན་གཉིས་ཀྱིས་ དོ་འགྲན་ཅན་གྱི་ཐོག་ལས་ རྩེད་འགྲན་འབད་ཡོདཔ་ད་ དེ་ཡང་ སྡེ་ཚན་གཉིས་ལས་ གཅིག་གིས་སྐུགས་༡༥ ཐོབ་པའི་སྐབས་ལུ་ ནོར་ཐཱར་སྡེ་ཚན་གྱིས་ སྐུགས་༢ ལས་བརྒལ་ཐོབ་མ་ཚུགས།
དུས་ཡུན་ཆུ་ཚོད་༡༡ དང་སྐར་མ་༣༠ ལུ་ ནོར་ཐཱར་སྡེ་ཚན་གྱིས་ དོ་འགྲན་འབད་དེ་ སྐུགས་༤ ཐོབ་པའི་སྐབས་ གི་རིན་སྡེ་ཚན་གྱིས་སྐུགས་༢༣ ཐོབ་ནུག།
ཕན་ཚུན་སྡེ་ཚན་གྱི་གཉིས་ཀྱི་བར་ན་རྩེད་འགྲན་འབད་དེ་ ཡུདཔ་ཅིག་ལས་ བཀག་རེག་༡ ནོར་ཐཱར་གྱི་ཐེབས་ཕོག་མི་ལུ་བརྟེན་ སྐུགས་༦ ཐོབ་ཡོདཔ་ཨིན།
ནོར་ཐཱར་རྩེད་འགྲན་འབད་མི་ཚུ་གིས་ རྩ་འགེངས་ཏེ་ སྤྲོ་བ་སྦོམ་མའི་སྒོ་ལས་ རྩེད་འགྲན་འབད་རུང་ བྱང་ཕྱད་སྡཻ་ཚན་དེ་སྒྲིང་སྒྲིང་ཡོད་ནི་དེ་གིས་ བཀག་རེག་རེ་རེ་ གཉིས་གཉིས་རེ་ཐེབས་རྐྱབ་སྟེ་ ཕྱི་རུའི་ཆུ་ཚོད་༤ དང་སྐར་མ་༣༠ དེ་ཅིག་ཁར་ སྐུགས་༢༢ ལུ་ལྷོད་ཡོདཔ་ཨིན་པས།
ཕྱི་རུའི་ཆུ་ཚོད་༥ དང་སྐར་མ་༡༥ དེ་ཅིག་ལུ་ གི་རིན་སྡེ་ཚན་གྱིས་ བཀག་རེག་༡ ཐེབས་རྐྱབ་སྟེ་ སྐུགས་ཆོད་པའི་སྐབས་ ནོར་ཐཱར་སྡེ་ཚན་གྱིས་ སྐུགས་༢ ལས་བརྒལ་ཐོབ་མ་ཚུགས།
འབའ་སྐྱོར་ལྟག་ལུ་ རྩེད་འགྲན་འབད་མི་ ཨར་ཊི་སི་སྡེ་ཚན་དང་ ཤེལ་ལྔཔོ་ཡུ་ནའི་ཊེཌ་སྡེ་ཚན་གཉིས་ཀྱིས་བར་ན་ རྩེད་འགྲན་འབདཝ་ད་ ཨར་ཊི་སི་སྡེ་ཚན་གྱིས་ སྐུགས་དང་པམ་དེ་ ཆོད་ཡོད་རུང་ སྐུགས་གཉིས་པ་དེ་ སྡེ་ཚན་ག་གིས་ཡང་ ཆོད་མ་ཚུགསཔ་ལས་ ད་རིས་འཕྲོ་མཐུད་དེ་ རྩེད་འགྲན་འབད་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment