གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དགེ་ལེགས་ཕུག་དང་ རྩི་རང་གི་བར་ན་ ས་རུད་ཆད་མི་གིས་ སྣུམ་འཁོར་ལམ་ བཀག་བསུབས།

རཱག་ཤ་ཌང་ར་ལུ་ ས་རུད་ཀྱིས་ འཁོར་ལམ་བསུབས་མིའི་མཐོང་སྣང་།
༢༦/༠༦/༢༠༡༢   ༉ ཁ་ཙ་ ཆརཔ་ཤུགས་ཅན་སྦེ་རྐྱབ་མི་ལུ་བརྟེན་ དགེ་ལེགས་ཕུག་རྫོང་ཁག་གི་ གཞུང་ལམ་ཁག་༢ དེ་ཅིག་གི་ ས་ཁོངས་ནང་ ས་རུད་ཆད་དེ་ སྣུམ་འཁོར་ལམ་བཀག་ཡོདཔ་ཨིན་པས།
དགེ་ལེགས་ཕུག་དང་ གཞལམ་སྒང་གི་བར་ན་ ཀི་ལོ་མི་ཊར་༡༥ དེ་ཅིག་གི་ས་གནས་ཁར་ ཡོངས་གྲགས་ལུ་ བོགསི་ཀཊ་ཊིང་ཟེར་ས་དང་  རྩི་རང་དང་ དགེ་ལེགས་ཕུག་གི་བར་ན་ འགྲམ་ཕུག་ཁྲོམ་ལས་ ཀི་ལོ་མི་ཊར་༨ དེ་ཅིག་གི་ས་ཁར་ རཱག་ཤ་ཌང་ར་ལུ་ས་རུད་ཆད་མི་གིས་ འགྲོ་འགྲུལ་འབད་མི་ འགྲུལ་འཁོར་དང་ འགྲུལ་མི་མང་རབས་ཅིག་ ཐོགས་ལུས་ཡོདཔ་ཨིན་པས།



དགེ་ལེགས་ཕུག་ ལམ་སེལ་ལས་ཁུངས་ཀྱི་ བཟོ་རིག་འགོ་དཔོན་ བཱ་ལ་རཱམ་ ཨ་ཅར་ཡ་གིས་ སླབ་མིའི་ནང་ བོགསི་ཀཊ་ཊིང་ལུ་ ས་རུད་ཆད་ནི་དེ་ ཆརཔ་རྐྱབ་ད་ རྒྱུན་ཆད་མེད་པར་ ཐོན་དོ་ཡོདཔ་ཨིན་རུང་ ཁ་ཙའི་ས་རུད་སྦོམ་སྦེ་ར་ཐོན་མི་གིས་ ས་རྐོ་འཕྲུལ་ཆས་༣ དེ་ཅིག་ ས་ཁོངས་ནང་བཞག་ཡོདཔ་ཨིན་རུང་ དྲོ་པའི་ཆུ་ཚོད་༧ དེ་ཅིག་ཁར་ ས་རུད་ཤུགས་སྦེ་ཆད་མི་ལུ་བརྟེན་ ལམ་བསལ་མ་ཚུགས་པའི་དཀའ་ངལ་ཐོན་ཡི་ཟེར་ཨིན་པས།
ལམ་འགྲུལ་ཉེན་སྲུང་གི་དོན་ལུ་ དགེ་ལེགས་ཕུག་དང་ གཞལམ་སྒང་གི་བར་ན་ ལམ་བཀག་ཡོད་མི་དེ་བསལ་མ་ཚུགས་ཚུན་ སྣུམ་འཁོར་ཚུ་ བཀག་བཞག་དགོཔ་མ་ཚད་ ད་རིས་ ཉིན་མའི་ཆུ་ཚོད་༡༡ དེ་ཅིག་ཁར་ བསལ་ཚར་བའི་རེ་བ་ཡོད་ཟེར་ཨིན་པས།
འགྲམ་ཕུག་ ལམ་སེལ་ལས་ཁུངས་ཀྱི་ བཟོ་རིག་འགོ་དཔོན་ རཱམ་ཅན་དཱ་ར་སུ་བ་གིས་སླབ་མིའི་ནང་ ཁ་ཙ་དྲོ་པ་ ས་རུད་དང་ ཆུ་རུད་ཀྱིས་ དྲོ་པའི་ཆུ་ཚོད་༦ དེ་ཅིག་ལུ་ གཞུང་ལམ་དེ་རྩ་བ་ལས་ར་ འགྲུལ་བསྐྱོད་འབད་མ་ཚུགསཔ་སྦེ་ བཀག་བསུབས་འབད་ཡོདཔ་ད་ ལམ་དེ་བསལ་ཚུགས་པའི་འོས་འབབ་ཡོད་རུང་ རྩི་རང་ཁ་ཐུག་གི་ ས་རྐོ་འཕྲུལ་ཆས་ཐོབ་མ་ཚུགས་པར་ ལུས་ཡོད་ཟེར་ཨིན་པས།
ཨིན་རུང་ ལམ་དེ་བསལ་ནི་གི་དོན་ལུ་ གསར་སྤང་ལས་ ས་རྐོ་འཕྲུལ་ཆས་འོང་དོ་ཡོདཔ་ལས་ ལམ་དེ་ ད་རིས་ དྲོ་པ་བསལ་ནི་འགོ་བཙུག་འོང་ཟེར་ཨིན་པས།
ས་རུད་དེ་གིས་ འགྲུལ་མི་ཚུ་ལུ་ དཀའ་ངལ་བྱུང་ཡོདཔ་མ་ཚད་ འགྲམ་ཕུག་གི་འཐུང་ཆུའི་ ཆུ་དུང་ལེགས་བཅོས་འབད་མི་ཚུ་ཡང་ ས་རུད་ཀྱིས་ མེདཔ་བཏང་ཡོདཔ་ལས་ ཁྲོམ་ཁ་ལུ་ འཐུང་ཆུའི་དཀའ་ངལ་འབྱུང་འོང་ཟེར་ཨིན་པས།
ཆུ་དུང་དེ་ ཧེ་མ་ཡང་ ས་གནས་དེ་ཁར་ འཁོར་ལམ་རྒྱ་བསྐྱེད་ཀྱི་ ལཱ་འབདཝ་ད་ རྡོ་རྦོབ་རིལ་འོང་མི་གིས་མེདཔ་བཏང་ཡོདཔ་ད་ སྤྱི་ལོ་༢༠༡༠ ལུ་ཡང་ ས་གནས་དེ་ཁར་ ཆུ་རུད་ཐོན་མི་གིས་ ཆུ་དུང་མེདཔ་བཏང་ཡོདཔ་ལས་ འགྲམ་ཕུག་ཁྲོམ་ཁར་ འཐུང་ཆུ་ཏན་ཏན་མེད་པའི་ དཀའ་ངལ་བྱུངམ་བྱུང་ས་ར་ སྡོད་ཅི་ཟེར་ཨིན་པས།
འགོ་ཐོག་ འཐུང་ཆུ་བཀྲམ་སྤེལ་གྱི་དོན་ལུ་ མ་དངུལ་ཟད་འགྲོ་དངུལ་ཀྲམ་ས་ཡ་༢༠ བཏང་ཡོདཔ་ད་ དེ་གི་ ལེགས་བཅོས་དང་ ཉམས་བཅོས་ཀྱི་དོན་ལུ་ ལཱ་དེ་ རིན་བསྡུར་ཐོག་ དངུལ་ཀྲམ་ས་ཡ་༡ ལྷགཔ་ཅིག་ཟད་འགྲོ་ བཏང་ཐོག་ལས་ ལཱ་ཚུ་མཇུག་བསྡུ་རན་ཁར་ ལྷོད་ཡོདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment