གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱ་གར་གཞུང་གིས་ ད་རུང་ རུ་པི་དུང་ཕྱུར་༣ སྐྱིན་འགྲུལ་བྱིན་ནི།

༡༤/༠༦/༢༠༡༢   ༉ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ རྒྱ་གར་གྱི་ རྒྱལ་ཁམས་དངུལ་ཁང་ལས་ སྐྱེད་བརྒྱ་ཆ་༡༠ རེ་སྦེ་ རུ་པི་དུང་ཕྱུར་༡༥ སྐྱིན་འགྲུལ་ལེན་མི་དེ་ ལོག་བཏབ་ནིའི་ ལྷན་ཐབས་ལུ་ སྐྱེད་བརྒྱ་ཆ་༥ སྦེ་ ད་རུང་ རུ་པི་དུང་ཕྱུར་༣ སྐྱིན་འགྲུལ་བྱིན་ནི་ཨིན་པས།


ཁ་ཙ་ དངུལ་རྩིས་བློན་པོ་དང་ འབྲུག་ལུ་ རྒྱ་གར་གྱི་གཞུང་ཚབ་ པ་ཝཱན་ ཀེ་བར་མ་གི་བར་ན་ གན་རྒྱ་ཅིག་གུ་ མཚན་རྟགས་བཀོད་པའི་སྐབས་ དངུལ་རྩིས་བློན་པོ་གིས་ རྒྱ་གར་རྒྱལ་ཁབ་ནང་ དཔལ་འབྱོར་གྱི་དཀའ་ངལ་ སྦོམ་བྱུང་སྟེ་ཡོད་རུང་ དེ་བཟུམ་མའི་ གྲོགས་རམ་གནང་མི་ལུ་ བཀའ་དྲིན་དགའ་ཚོར་ཡོད་ཟེར་གསུངས་ཡི།
པ་ཝཱན་ ཀེ་བར་མ་གིས་འབད་བ་ཅིན་ རྒྱ་གར་གཞུང་གིས་ རྒྱལ་ཁབ་༢ ཀྱི་བར་ན་ མཉམ་འབྲེལ་གོང་འཕེལ་གཏང་ནིའི་དོན་ལས་ འབྲུག་ལུ་ གྲོགས་རམ་ག་དེ་དྲག་དྲག་ བྱིན་ནི་གི་ ཁས་ལེན་འབད་མི་དང་འཁྲིལ་ཏེ་ ཨིན་ཟེར་སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་རུང་ རུ་པི་དུང་ཕྱུར་༤ བྱིན་ནིའི་དོན་ལུ་ བྱ་རིམ་ཚུ་འབད་བའི་བསྒང་ཡོད་ཟེར་ཨིནམ་ད་ གཞན་ལྷག་ལུས་ཚུ་ ཤུལ་མའི་ཟླཝ་ནང་ བྱིན་ཚུགས་པའི་ རེ་བ་ཡོད་ཟེར་ཨིནམ་ད་ རྒྱ་གར་གཞུང་གིས་ འབྲུག་ལུ་ སྐྱིན་འགྲུལ་གྱི་ཚད་གཞི་ རུ་པི་དུང་ཕྱུར་༣ འབད་མི་དེ་ དུང་ཕྱུར་༡༠ ལུ་ ཡར་སེང་འབད་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ད་ལྟོ་ བཟོ་སྐྲུན་འབད་བའི་བསྒང་ཡོད་མི་ གློག་མེ་འཕྲུལ་ཁང་ སྤུ་ན་གཙང་ཆུ་དང་པ་དང་༢ པ་ དེ་ལས་ མང་སྡེ་ཆུའི་དོན་ལུ་ བདུན་ཕྲག་འདི་ནང་ རུ་པི་དུང་ཕྱུར་༢.༨ བྱིན་ནི་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment