གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཤ་མུའི་དུག་ཟུན་ཏེ་ རྒྱ་གར་གྱི་ལས་མི་༡༢ ནདཔ་ཐོན་ཡོདཔ།

ངོས་འཛིན་འབད་མ་ཚུགས་པའི་ ཤ་མུ།
༡༨/༠༦/༢༠༡༢   ༉ རྒྱ་གར་གྱི་ ལས་མི་༡༢ ཀྱིས་ ངོ་མ་ཤེས་པའི་ ཤ་མུའི་རིགས་ཅིག་ ཟ་བའི་ཤུལ་ལས་ ནདཔ་ཐོན་མི་ལུ་བརྟེན་ ཀྲོང་གསར་སྨན་ཁང་ནང་ སྨན་བཅོས་འབད་བར་ བསྐྱལ་ཡོདཔ་བཞིན་དུ་ ད་རུང་ ད་རིས་ བརྟག་དཔྱད་མཐིལ་ཕྱིན་འབད་ནི་ཨིན་པས།


ཀྲོང་གསར་རྫོང་ཁག་སྨན་ཁང་ལས ཌོག་ཊར་ བཀྲ་ཤིས་དབང་ཕྱུག་གིས་ སླབ་དོ་བཟུམ་འབད་བ་ཅིན་ བྱུང་རྐྱེན་དེ་ སྤྱི་ཟླ་༦ པའི་ཚེས་༡༥ ལུ་ ཀྲོང་གསར་ལས་ བུམ་ཐང་ལུ་འགྱོ་སའི་ གཞུང་ལམ་ཁར་ རྡོ་རྗེ་དགོན་པ་ལུ་ བྱུང་ནུག་ཟེར་ཨིནམ་ད་ དེ་ཡང་ འབྲུག་པའི་ཁག་འབགཔ་ཅིག་གི་ གློག་མེའི་ལཱ་འབད་མི་ རྒྱ་གར་གྱི་ལས་མི་ཚུ་གིས་ ངོ་མ་ཤེས་པའི་ ཤ་མུ་ཅིག་ ཟ་བའི་ཤུལ་ལས་ ཁ་ལས་བསྐྱུགས་པའི་ཁར་ མགུ་ཡུ་འཁོར་མི་ལུ་བརྟེན་ སྨན་ཁང་ནང་ བསྐྱལ་ཡོདཔ་ཨིན་པས།
ཌོག་ཊར་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ ལས་མི་ཚུ་ལུ་ དྲི་དཔྱད་འབད་བའི་སྐབས་ ཁོང་གིས་ ས་གནས་ཀྱི་ ནགས་ཚལ་ནང་ལས་ ངོ་མ་ཤེས་པའི་ ཤ་མུ་ཅིག་ བསྡུ་བསྒྱོམ་འབད་དེ་ དྲོ་མཛར་དང་གཅིག་ཁར་ ཟ་བའི་ཤུལ་ལུ་ ཉིན་མའི་ཆུ་ཚོད་༡༠ དེ་ཅིག་ཁར་ལས་ ཁ་ལས་བསྐྱུགས་ཏེ་ སྨན་ཁང་ནང་ བརྟག་དཔྱད་འབད་བར་འོང་དེས་ཟེར་ཨིནམ་ད་ དེ་བསྒང་ ལས་མི་ཚུ་ག་ར་ གནས་སྟངས་ལེགས་ཤོམ་སྦེ་ འདུག་ཟེར་ཨིན་པས།
ནདཔ་ཚུ་ ཆ་མཉམ་ར་ སྨན་ཁང་ནང་ ཞག་ཅིག་ བརྟག་དཔྱད་ཐོག་ བཞག་པའི་ཤུལ་ལས་ ལོག་བཏང་ཡོདཔ་ཨིན་རུང་ ད་རིས་ ལོག་སྟེ་ ཁྲག་བརྟག་དཔྱད་འབད་ནིའི་དོན་ལུ་ འོང་དགོ་ཟེར་ཨིན་པས།
ལས་མི་ཚུ་གིས་ཟ་མི་ ཤ་མུ་དེ་ ས་གནས་ཀྱི་མི་ཚུ་གིས་ ངོ་མ་ཤེས་པའི་ཁར་ རྫོང་ཁག་གི་ སོ་ནམ་ལས་ཁུངས་ཀྱིས་ཡང་ ངོས་འཛིན་མ་འབད་བས་ཟེར་ཨིན་པས།
ཁ་ལས་བསྐྱུགས་མི་ ནདཔ་ལ་ལུ་ཅིག་ ཁྲག་ཡང་ ཐོན་ཡོདཔ་ད་ ཌོག་ཊར་གྱིས་འབད་བ་ཅིན་ ཁྲག་ཐོན་མི་དེ་ ཤ་མུའི་དུག་གིས་མེན་པར་ བསྐྱུག་ནི་དྲག་ནི་དེ་གིས་ཨིནམ་ད་ ཨིན་རུང་ ཉེན་ཁ་མེད་ཟེར་ཨིན་པས།
ཌོག་ཊར་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ ངོ་མ་ཤེས་པའི་ ཤ་མུ་བརྒྱ་ཆ་༩༠ ལུ་ དུག་ཡོདཔ་ལས་ བཟའ་ནི་མི་འོང་ཟེར་ ཨིན་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།

No comments:

Post a Comment