གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གནས་ཚུལ་མདོར་བསྡུས།

ཁ་ཙ་ དུས་ཆེན་ལྔ་འཛོམས་བརྩི་སྲུང་གི་དོན་ལུ་ ཐིམ་ཕུ་བཀྲིས་ཆོས་རྫོང་ནང་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལས་ གཞུང་དགེ་འདུན་གྲྭ་ཚང་གིས་ རྣམ་རྒྱལ་སྟོང་མཆོད་དང་ འཕགས་པ་གནས་བརྟན་བཅུ་དྲུག་གི་ གསུང་ཆོག་གནང་སར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་རྣམ་གཉིས་ བྱོན་གནང་ཡོདཔ་བཞིན་དུ་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་དང་ གཞུང་གི་ཆེ་མཐོའི་འགོ་དཔོན་ཚུ་གིས་ཡང་ འབྲེལ་གཏོགས་གནང་ཡི། དུས་ཆེན་བརྩི་སྲུང་དང་འབྲེལ་ བཀྲིས་ཆོས་རྫོང་ནང་ གནས་བརྟན་བཅུ་དྲུག་གི་ མཐོང་གྲོལ་དང་ ཞབས་དྲུང་ཁམས་གསུམ་ཟིལ་གནོན་གྱི་ སྐུ་འདྲ་ཡང་ མི་མང་ལུ་ མཇལ་ཁ་གནང་ཡི།

No comments:

Post a Comment