གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ནུབ་མོའི་སྤྲོ་སྟོན་ཁང་ཚུ་ནང་ ཨམ་སྲུའི་གྱངས་ཁ་ཡར་སེང་།

ནུབ་མོའི་སྤྲོ་སྟོན་ཁང་ཅིག་ནང་ ན་གཞོན་བུཚ་དང་བུམོ་ཚུ་ ཞབས་ཁྲ་རྐྱབ་པའི་བསྒང་།
༡༣/༠༦/༢༠༡༢   ༉ རྒྱལ་ཁབ་ཀྱི་འགྱུར་བ་དང་བསྟུན་ མི་སྡེའི་གནས་སྟངས་ནང་ཡང་ གོང་འཕེལ་དང་འགྱུར་བ་ཚུ་ རྒྱ་ཆེ་དྲགས་སྦེ་ར་ འགྱོ་དོ་ཡོད་པའི་ མཐོང་གསལ་བྱུང་མིའི་ནང་ལས་ ནུབ་མོའི་སྤྲོ་སྟོན་ལས་རིམ་དེ་ རྒྱལ་ཁབ་གོང་འཕེལ་འགྱོ་བའི་ རྟགས་མཚན་ཅིག་ཨིན་པའི་ མངོན་གསལ་བྱུངམ་ཨིན་པས།


ནུབ་མོའི་སྤྲོ་སྟོན་ལས་རིམ་ གཙོ་བོ་ར་ བདུན་རིམ་བཞིན་དུ་ རེས་གཟའ་ཕུར་བུ་དང་ སྤེན་པ་ དེ་ལས་ ཉི་མའི་སྐབས་ ནུབ་མོའི་སྤྲོ་སྟོན་ལས་རིམ་ནང་ རྒས་གཞོན་མེད་པར་ ཞབས་ཁྲ་འཐེན་ནི་དང་ ལེའུ་བསྒྱུར་ནི་ དེ་ལས་ ཆང་འཐུང་དོ་ཡོདཔ་མ་ཚད་ ཆ་རོགས་ངོ་ཤེསཔ་དང་ མ་ཤེསཔ་ཚུ་དང་གཅིག་ཁར་ སྤྲོ་སྟོན་འབད་མི་ལུ་བལྟཝ་ད་ མང་ཤོས་ར་ ན་གཞོན་བུམོ་ཚུ་ མཐོངམ་ཨིན་པས།
འདས་པའི་ལོ་༦ དེ་ཅིག་གི་རིང་ སྤྲོ་སྟོན་ཁང་གི་ སྒྲ་འཛིན་འཁོར་ལོའི་ཞབས་ཁྲ་ཚུ་ འགོ་འདྲེན་འཐབ་མི་ ཕུན་ཚོགས་ཀྱིས་འབད་བ་ཅིན་ ལོ་རེ་བཞིན་དུ་ ཨམ་སྲུ་གིས་ སྤྲོ་སྟོན་ཁང་ནང་འོང་ནི་དེ་ ཡར་སེང་འགྱོཝ་མས་ཟེར་ཨིནམ་ད་ དེ་ཡང་ གཙོ་བོ་ར་ ཨམ་སྲུ་ཚུ་གི་ ལྕོགས་གྲུབ་དང་ རང་དབང་གོང་འཕེལ་འགྱོ་དོ་ཡོད་པའི་ རྟགས་མཚན་ཅིག་ཨིན་མས་ཟེར་ བཤདཔ་མ་ཚད་ ཧེ་མ་ ཁོ་གིས་འགོ་དང་པ་ སྤྲོ་སྟོན་ཁང་ནང་ འགྱོ་བའི་སྐབས་ ཕོ་སྐྱེས་༡༠༠ ཡོད་ས་ལུ་ ཨམ་སྲུ་༡༠ དེ་ཅིག་མ་གཏོགས་ མ་མཐོང་ཟེར་ཨིན་པས།
ཐིམ་ཕུ་ལུ་ སྤྲོ་སྟོན་ཁང་དང་ ཆང་ཁང་གི་ ཚོང་འབྲེལ་འཐབ་སྡོད་མི་ ནུབ་མོའི་སྤྲོ་སྟོན་ཁང་གི་ཇོ་བདག་ རྡོ་རྗེ་གིས་ བཤད་མིའི་ནང་ འདས་པའི་ལོ་དག་པ་ཅིག་ལས་ རྒྱལ་ས་ལུ་ ནུབ་མོའི་སྤྲོ་སྟོན་ཁང་ནང་འོང་མི་ ཨམ་སྲུ་དང་ བུམོ་གི་གྱངས་ཁ་དེ་ ཡར་སེང་སོང་ཡི་ཟེར་ཨིནམ་ད་ ཁོ་གིས་འབད་བ་ཅིན་ ཕོ་སྐྱེས་༥༠ དེ་ཅིག་འོང་ས་ལུ་ ཨམ་སྲུ་༤༠ དེ་ཅིག་ ལྷོད་ནི་འདུག་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ ད་རེས་ནངས་པ་ ཕོ་སྐྱེས་དང་གཅིག་ཁར་ ཨམ་སྲུ་མེད་པར་འོང་མི་ ག་ཡང་མིན་འདུག་ཟེར་ཨིནམ་ད་ ཨམ་སྲུ་མངམ་ཡོད་པ་ཅིན་ ཕོ་སྐྱེས་ཚུ་ཡང་ འོང་ནི་འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གནས་སྟངས་དེ་གིས་ ག་ཅི་གསལ་སྟོན་འབདཝ་སྨོ་ཟེར་བ་ཅིན་ ལོ་བསྟར་བཞིན་དུ་ ཤེས་ཡོན་ཅན་གྱི་ཨམ་སྲུ་ མངམ་ཐོན་དོ་ཡོད་པའི་ གསལ་སྟོན་འབདཝ་མ་ཚད་ རང་མགོ་རང་འདྲོངས་དང་ རང་དབང་ཅན་གྱི་ ཨམ་སྲུའི་གྱངས་ཁ་དེ་ ཡར་སེང་འགྱོ་དོ་ཡོད་པའི་ རྟགས་མཚན་ཨིན་མས་ཟེར་བཤད་ཅི།
དེ་མ་ཚད་ ལ་ལུ་ཅིག་གིས་འབད་བ་ཅིན་ གོང་འཕེལ་གྱི་འགྱུར་བ་དང་བསྟུན་ ཕྱིའི་གནས་སྟངས་ཚུ་དང་འབྲེལ་བའི་ མཐོང་ཐོས་ཀྱི་ཡོན་ཏན་ཅན་ ཡར་སེང་སོང་བའི་ བརྡ་མཚོན་སྟོནམ་མ་ཚད་ དེ་བཟུམ་མའི་ འབྲུག་གི་ མི་སྡེའི་གནས་སྟངས་ནང་ མི་སྡེའི་ལམ་སྲོལ་དེ་བཟུམ་ཅིག་ ཤེས་ཡོན་མཐར་འཁྱོལ་མི་ རྒྱ་བསྐྱེད་འགྱོ་དོ་ཡོད་པའི་ བརྡ་མཚོན་ཅིག་ཡང་ཨིན་མས་ཟེར་ སླབ་ཨིན་པས།
ཞི་གཡོགཔ་ཅིག་ཨིན་མི་ དབང་མོ་གིས་ ལོ་༡ ལྷགཔ་ཅིག་ མོ་ར་རྐྱངམ་གཅིག་སྦེ་ སྡོད་པའི་སྐབས་ལུ་ མོ་གིས་ཡང་ སྤྲོ་སྟོན་ཁང་ཚུ་ནང་ ཕྱི་ཁའི་ཞབས་ཁྲ་ འདྲཝ་མ་འདྲཝ་ཚུ་གི་ ལེའུ་བསྒྱུར་སྟེ་ སྤྲོ་བ་བཏོན་ཡོདཔ་ད་ མོ་གིས་འབད་བ་ཅིན་ ཨམ་སྲུ་དང་ ཕོ་སྐྱེས་ཚུ་ རང་སོའི་ཆ་རོགས་ཚུ་དང་གཅིག་ཁར་ སྤྲོ་སྟོན་སའི་ས་གོ་ཅིག་ཨིནམ་ལས་ སྤྲོ་སྟོན་ཁང་ཚུ་ནང་ འགྱོ་ནི་ཡོད་ཟེར་ཨིནམ་ད་ དེ་ནང་ རང་རྐྱངམ་གཅིག་སྦེ་ སེམས་སྐྱོ་སྟེ་སྡོད་མི་ག་ཡང་ མི་མཐོང་མས་ཟེར་ བཤདཔ་ཨིན་པས།
སྤྱི་ལོ་༡༩༨༠ དེ་ཅིག་ལུ་འབད་བ་ཅིན་ ཕྱི་ལས་ ཤེས་ཡོན་ལྷབ་སྟེ་ སྤྲོ་སྟོན་ལས་རིམ་ཚུ་གི་ ཤེས་མཐོང་ཡོད་དེ་འབད་རུང་ འབྲུག་ལུ་དེ་བཟུམ་མའི་ སྤྲོ་སྟོན་ཁང་ཚུ་མེདཔ་ལས་ རང་སོའི་ཆ་རོགས་ཚུ་གི་ཁྱིམ་ནང་ འགོ་འདྲེན་འཐབ་སྲོལ་ཡོདཔ་ཨིན་པས།
ནུབ་མོའི་སྤྲོ་སྟོན་ཁང་ཚུ་ འགོ་དང་པ་ སྤྱི་ལོ་༡༩༩༠ ལས་ གཞུང་གི་ཚོང་འབྲེལ་སྲིད་བྱུས་དང་འཁྲིལ་ཏེ་ གཞི་བཙུགས་འབད་ནི་ འགོ་བཙུགས་ཡོདཔ་ད་ དེ་བསྒང་ མང་ཤོས་ར་ མཐོ་རིམ་དང་ སློབ་གྲྭ་ཆེ་བའི་ སློབ་ཕྲུག་ཚུ་གིས་ བཅའ་མར་གཏོགས་དོ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ད་ལྟོ་ཡང་ སྤྲོ་སྟོན་ཁང་ཚུ་ནང་འོང་མི་ ན་གཞོན་སྐྱེས་ལོ་༢༠ དང་༣༥ འི་བར་ན་འབད་མི་ཚུ་ མང་ཤོས་ར་ མཐོ་རིམ་དང་ སློབ་གྲྭ་ཆེ་བའི་ སློབ་ཕྲུག་ཚུ་ མཐོང་གསལ་བྱུང་དོ་ཡོདཔ་ད་ འཕྲལ་འཕྲལ་ ན་ཆུང་ཚུ་གིས་ཡང་ སྡེ་ཚན་སྦེ་ མཐོང་གསལ་བྱུང་དོ་ཡོདཔ་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment