གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ས་ཞིང་བཅུད་ལྡན་བཞག་ནིའི་དོན་ལུ་ ས་ཆ་འཛིན་སྐྱོང་།

མོང་སྒར་ལབ་རྩ་གཡུས་ཚན་ནང་ རྩྭ་ཀུ་ར་དང་ ཤིང་གི་ལྕངམ་ཚུ་བཙུགས་ཏེ་ ས་ཞིང་འཛིན་སྐྱོང་འཐབ་པའི་བསྒང་།
༡༨/༠༦/༢༠༡༢   ༉ མོང་སྒར་འབྲས་སྤུངས་རྒེད་འོག་ ལབ་རྩ་གཡུས་ཚན་ལས་ སྐྱེས་ལོ་༥༠ ལང་མི་ མཁའ་འགྲོ་བཟང་མོ་གིས་ སླབ་མིའི་ནང་ མོ་གི་ ས་ཞིང་དེ་ གཟར་དྲགས་སྦེ་ཡོད་མི་ལུ་བརྟེན་ ལོ་ཐོག་ཚུ་ ག་ཅི་བཏབ་རུང་ མི་ལེགས་པས་ཟེར་ཨིན་པས།


ཨིན་རུང་ ཁ་ཙ་ ལབ་རྩ་གཡུས་ཚན་ནང་ འཛམ་གླིང་ས་ཆ་འཛིན་སྐྱོང་གི་ཉིནམ་ བརྩི་སྲུང་འབད་བའི་སྐབས་ མོ་གི་ ས་ཞིང་ནང་ ས་རུད་དང་ ཆུ་རུད་བཀག་ཐབས་ཀྱི་དོན་ལུ་ རྩྭ་ཀུ་ར་དང་ ཤིང་གི་ལྕངམ་ཚུ་ བཙུགས་ནི་དེ་གིས་ སེམས་དགའ་སྟེ་ཡོདཔ་ཨིན་པས།
མོ་གིས་ སླབ་མིའི་ནང་ ས་ཞིང་གཟར་དྲགས་འབད་མི་ལུ་བརྟེན་ ཆརཔ་རྐྱབ་པའི་སྐབས་ ལུད་དང་ས་ཚུ་ ཆུ་གིས་འཕྱགས་བདའ་མི་དེ་ ད་ལས་ཕར་ བཀག་ཚུགས་པའི་རེ་བ་ཡོད་ཟེར་ཨིན་པས།
རྫོང་ཁག་ཚོགས་འདུའི་ཁྲི་འཛིན་ པདྨ་རྡོ་རྗེ་གིས་ སླབ་མིའི་ནང་ ས་ཆུ་ལྡནམ་སྦེ་བཞག་ནི་དང་ རང་མགོ་རང་འདྲོངས་བཟོ་དགོ་པ་ཅིན་ ས་ཆ་འཛིན་སྐྱོང་འཐབ་དགོཔ་ཨིན་ཟེར་ཨིན་པས།
མོང་སྒར་ཝེང་མཁར་ རང་བཞིན་སླར་འབྱུང་ཐོན་སྐྱེད་དང་ཞིབ་འཚོལ་གོང་འཕེལ་ལྟེ་བའི་ ལས་འགུལ་མདོ་ཆེན་ ལྷགཔ་རྡོ་རྗེ་གིས་སླབ་མིའི་ནང་ ས་ཆ་འཛིན་སྐྱོང་གྱི་ཉིནམ་ བརྩི་སྲུང་འབད་དགོ་མི་དེ་ཡང་ མི་སེར་ཚུ་ལུ་ ས་ཆ་ག་དེམ་ཅིག་ ཁག་ཆེཝ་ཨིན་ན་དང་ ས་ཆ་ཡུན་བརྟན་གྱི་དོན་ལུ་ འཛིན་སྐྱོང་འཐབ་ཐངས་ལུ་ དམིགས་ཏེ་ཨིན་ཟེར་ཨིན་པས།
གྱེན་གཟར་དྲགས་སྦེ་ཡོད་མི་ ས་ཞིང་ནང་ རྩྭ་བཙུག་པ་ཅིན་ ས་བཅུད་མ་མཉམ་པར་ བཞག་ཚུགསཔ་ལས་ ལོ་ཐོག་ཚུ་ ག་ཅི་ར་བཏབ་རུང་ ཐོན་སྐྱེད་ལེགས་ཤོམ་འོང་ཟེར་ཨིན་པས།
ས་ཆ་འཛིན་སྐྱོང་གི་ གོ་བརྡའི་ལས་རིམ་དེ་གིས་ ཞིང་པ་༡༦ དེ་ཅིག་གི་ ས་ཞིང་ཨེ་ཀར་༩.༤༥ དེ་ཅིག་ནང་ ད་རིས་ རྩྭ་བཙུག་ཚར་ནི་ཨིན་པས།
ཉིན་གྲངས་༢ ཀྱི་རིང་ འགོ་འདྲེན་འཐབ་མི་ ས་ཆ་འཛིན་སྐྱོང་གི་ལས་རིམ་དེ་ འཛམ་གླིང་དངུལ་ཁང་གི་ རྒྱབ་སྐྱོར་ཐོག་ལས་ རྒྱལ་ཡོངས་ས་ཆ་འཛིན་སྐྱོང་ལྟེ་བ་དང་ ཝེང་མཁར་རང་བཞིན་སླར་འབྱུང་ཐོན་སྐྱེད་དང་ཞིབ་འཚོལ་གོང་འཕེལ་ལྟེ་བ་ རྒེད་འོག་བདག་སྐྱོང་ དེ་ལས་ རྫོང་ཁག་སོ་ནམ་རྒྱ་བསྐྱེད་ཀྱིས་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
ས་ཆ་འཛིན་སྐྱོང་གི་ལས་རིམ་ནང་ མི་སེར་སོ་ནམ་པ་༡༣༥ དེ་ཅིག་གིས་ བཅའ་མར་གཏོགས་ཡོད་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment