གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྨན་གཡོག་དང་ མི་སྟོབས་གོང་འཕེལ་རྒྱབ་སྐྱོར་ལམ་སྟོན་དཔེ་དེབ་ གསར་བཏོན།

ལས་གཡོག་བློན་པོ་ རྡོ་རྗེ་དབང་འདུས་ཀྱིས་ སྨན་གཡོག་དང་ མི་སྟོབས་གོང་འཕེལ་རྒྱབ་སྐྱོར་ལམ་སྟོན་དཔེ་དེབ་ གསར་བཏོན་འབད་བའི་བསྒང་།
༉ ད་ལས་ཕར་ དང་འདོད་ཅན་གྱི་ སྒེར་སྡེ་དང་ ལས་འཛིན་ཚུ་གིས་ སྨན་གཡོག་དང་སྐྱེ་གཡོག་གི་ སྦྱོང་བརྡར་སྤེལ་ཁང་ཚུ་ གཞི་བཙུགས་འབད་ཆོག་ནི་ཨིནམ་ལས་ རྒྱལ་ཁབ་ནང་ སྨན་གཡོག་དང་ མི་སྟོབས་མ་ལང་པའི་ དཀའ་ངལ་བྱུང་མི་དེ་ ལོ་ངོ་དག་པ་ཅིག་གི་རྒྱབ་ལས་ ལམ་སྟོན་དཔེ་དེབ་ཚུ་དང་འཁྲིལ་ཏེ་ བསལ་ཚུགས་པའི་ འོས་འབབ་ཡོདཔ་ཨིན་པས། 


དེ་ཡང་ ཁ་ཉིནམ་ ལས་གཡོག་བློན་པོ་རྡོ་རྗེ་དབང་འདུས་ཀྱིས་ ལས་གཡོག་ལྷན་ཁག་ནང་སྦེ་ སྨན་གཡོག་དང་སྐྱེ་གཡོག་གི་ སྦྱོང་བརྡར་སྤེལ་ཁང་ གཞི་བཙུགས་འབད་ནི་དང་ མི་སྟོབས་གོང་འཕེལ་གཏང་ནིའི་ ལམ་སྟོན་དཔེ་དེབ་གཉིས་ གསར་བཏོན་གནང་མི་དང་ འཁྲིལ་ཨིན་པས།
བློན་པོ་རྡོ་རྗེ་དབང་འདུས་ཀྱིས་ གསུངས་མིའི་ནང་ གསར་བཏོན་འབད་མི་ སྨན་གཡོག་དང་ སྐྱེ་གཡོགམོ་དཔེ་དེབ་དེ་གིས་ ད་ལས་ཕར་ དང་འདོད་ཅན་གྱི་ སྒེར་སྡེ་དང་ ལས་འཛིན་ དེ་ལས་ ལས་སྡེ་ཚུ་གིས་ སྦྱོང་བརྡར་སྤེལ་ཁང་ཚུ་ སྒོ་ཕྱེ་ནིའི་གོ་སྐབས་ཡོདཔ་ལས་ རྒྱལ་ཁབ་ནང་ སྨན་གཡོགམོ་མ་ལང་པའི་ དཀའ་ངལ་སྦོམ་ཡོདཔ་ལས་ མི་སེར་ཚུ་ལུ་ ཞབས་ཏོག་ལེགས་ཤོམ་སྤྲོད་མ་ཚུགས་མི་དེ་ ལོ་དག་པ་ཅིག་གི་རྒྱབ་ལས་ བསལ་ཚུགས་པའི་ འོས་འབབ་སྦོམ་ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ གཞུང་དང་ ལས་འཛིན་ ལས་སྡེ་ ལས་ཚན་ དེ་ལས་ སྒེར་སྡེ་ཚུ་ནང་ གོང་འཕེལ་གྱི་ལཱ་དང་ ལས་རིམ་ཚུ་གི་དོན་ལུ་ འཆར་གཞི་དང་ སྲིད་བྱུས་བརྩམ་ནི་ དེ་ལས་ ཡིག་ཚང་ཚུ་ནང་ ལཱ་འབད་ཐོག་ལས་ སྒེར་སྡེ་དང་ ལས་འཛིན་ དེ་ལས་ ལས་སྡེ་ཚུ་ ཡར་རྒྱས་གོང་འཕེལ་གཏང་ནི་དང་ རྒྱལ་ཁབ་ཀྱི་ དཔལ་འབྱོར་ཡར་དྲག་གཏང་དགོཔ་ཡོད་རུང་ ད་ཚུན་ མི་སྟོབས་མ་ལང་པའི་དཀའ་ངལ་སྦོམ་ཡོད་མི་ཚུ་ཡང་ ད་ལས་ཕར་ མི་སྟོབས་གོང་འཕེལ་ལམ་སྟོན་དཔེ་དེབ་དང་འཁྲིལ་ བྱ་སྟབས་མ་བདེ་བའི་དཀའ་ངལ་ཚུ་ བསལ་ཚུགས་ཟེར་ གསུངས་གནང་ཡི།
རང་དབང་གི་ཐོག་ལས་ ལཱ་འབད་མི་ཚུ་ལུ་ ཡོན་ཏན་དང་ རིག་རྩལ་ ལྕོགས་གྲུབ་ ཤེས་ཚད་ ཉམས་མྱོང་ ལག་རྩལ་ བཟོ་རིག་མཁས་པ་ དེ་ལས་ གཞན་མཁོ་ཆེ་བའི་ ཅ་ཆས་དང་ འཕྲུལ་རིག་ལུ་ མཁས་པ་བཟོ་ནིའི་དོན་ལུ་ སྦྱོང་བརྡར་དང་ སློབ་སྟོན་ དེ་ལས་ ལམ་སྟོན་ཚུ་ ག་དེ་སྦེ་འབད་ནི་ཨིན་ན་ སྒེར་སྡེ་དང་ ལས་འཛིན་ཚུ་གིས་ མི་སྟོབས་གོང་འཕེལ་གཏང་ནི་དེ་ ལམ་སྟོན་དཔེ་དེབ་དང་འཁྲིལ་ འབད་ཆོག་ནི་ཨིན་པས།
དེ་ཡང་ ལམ་སྟོན་དཔེ་དེབ་དང་འཁྲིལཝ་ད་ ད་ལས་ཕར་ རྒྱལ་ཁབ་ནང་ སྒེར་སྡེ་དང་ ལས་འཛིན་ཚུ་ནང་ མི་སྟོབས་གོང་འཕེལ་དེ་ འདྲ་མཉམ་དང་དྲང་བདེན་ དེ་ལས་ ལྕོགས་གྲུབ་ཅན་གྱི་ཐོག་ལས་ གཞི་བཙུགས་འབད་ཚུགས་པའི་ཁར་ ན་གཞོན་ཚུ་གིས་ སྒེར་སྡེ་ཚུ་ནང་ ལཱ་གཡོག་གི་གོ་སྐབས་ཡང་ སྤྲོད་ལེན་འབད་ཚུགས་པའི་ ཕན་ཐོགས་སྦོམ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ རྒྱལ་ཁབ་ནང་ སྨན་གཡོགམོ་གི་ མི་སྟོབས་མ་ལང་པའི་དཀའ་ངལ་ཡོད་མི་དེ་ བསལ་ནིའི་དོན་ལུ་ གསོ་བའི་ལྷན་ཁག་གིས་ འཆར་གཞི་དང་ལས་རིམ་ཚུ་བརྩམས་ཏེ་ སྦྱོང་བརྡར་ནང་ བཏང་ཡོདཔ་བཞིན་དུ་ ཟད་འགྲོ་ཡང་ ལེ་ཤ་གཏང་དགོཔ་ཐོན་ཡོདཔ་ཨིན་པས།
ཨིན་རུང་ དེ་གིས་ཡང་ དཀའ་ངལ་བསལ་མ་ཚུགསཔ་ལས་ སྤྱི་ཚོགས་ལས་ སྒེར་སྡེ་དང་ ལས་འཛིན་ཚུ་གིས་ སྨན་གཡོགམོ་གི་ སྦྱོང་བརྡར་སྤེལ་ཁང་ གཞི་བཙུགས་འབད་ཆོག་པའི་ གྲོས་ཐག་བཅད་གནང་མི་དང་འཁྲིལ་ ལམ་སྟོན་དཔེ་དེབ་དེ་ གསར་བཏོན་འབད་ཡོདཔ་ད་ དེ་གིས་ ད་ལས་ཕར་ གཞུང་དང་ སྒེར་ དེ་ལས་ མི་སྡེ་ལུ་ ཕན་ཐོགས་སྦོམ་འབྱུང་ཚུགས་པའི་ འོས་འབབ་ཡོདཔ་ཨིན་པས།
སྨན་གཡོག་དང་སྐྱེ་གཡོགམོ་གི་ སྦྱོང་བརྡར་སྤེལ་ཁང་གི་ ལམ་སྟོན་དཔེ་དེབ་དེ་ གསོ་བའི་ལྷན་ཁག་དང་ ལས་གཡོག་ལྷན་ཁག་ དེ་ལས་ འབྲུག་གསོ་བའི་གཟུགས་ཁམས་འཕྲོད་སྟོན་ལྟེ་བ་༣ མཉམ་རུབ་ཐོག་ལས་ བརྩམས་སྒྲིག་འབད་ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment