གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྨ་སྐྱོན་བྱུང་མི་ དེད་གཡོགཔ་ དགེ་ལེགས་ཕུག་ལུ་བཏང་ཡོདཔ།

༡༥/༠༦/༢༠༡༢   ༉ ཁ་ཙ་ཉིན་མར་ ངང་ལམ་དྲུང་ཁག་གི་ དེད་གཡོགཔ་སྐྱེས་ལོ་༣༠ ལང་མི་དེ་ སྣུམ་འཁོར་བཏང་འགྱོཝ་ད་ ནོར་བུ་སྒང་རྒེད་འོག་ལྟེ་བའི་ལྟག་ལུ་ ལམ་འོག་ལས་མར་ ཕིཊ་༡༥༠ དེ་ཅིག་གི་ས་ཁར་ རྦོབ་རིལ་ཡར་སོཔ་ལས་ རྨ་སྐྱོན་བྱུང་སྟེ་ ཕྱི་རུ་ཁམས་ཅིག་ཁར་ དགེ་ལེགས་ཕུག་སྨན་ཁང་ནང་ བསྐྱལ་ཡོདཔ་ཨིན་པས།


རྐྱེན་ངན་བྱུང་པའི་སྐབས་ལུ་ དེད་གཡོགཔ་དེ་ དྲུང་ཁག་བདག་སྐྱོང་ཡིག་ཚང་ལས་ དྲུང་ཁག་གི་ མགྲོན་ཁྱིམ་ཁ་ཐུག་ལུ་ སྣུམ་འཁོར་བཏང་འགྱོ་བའི་བསྒང་ཨིནམ་ད་ སྣུམ་འཁོར་དེ་ནང་ དེད་གཡོགཔ་ཁོ་ར་མ་གཏོགས་ མི་གཞན་ག་ཡང་མིན་འདུག་ཟེར་ ངང་ལམ་གྱི་ ཁྲིམས་སྲུང་འགག་པ་གིས་ སླབ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་འབད་བ་ཅིན་ དེད་གཡོགཔ་གི་ མིག་ལྤགས་དང་ རྐངམ་གཡསཔ་ལུ་ རྨ་སྐྱོན་བྱུང་ནུག་ཟེར་ཨིནམ་ད་ རྐྱེན་ངན་དེ་ ག་དེ་སྦེ་ བྱུང་བྱུངམ་ཨིན་ན་ ཤེས་མ་ཚུགསཔ་ཨིན་པའི་གནས་ཚུལ།

No comments:

Post a Comment