གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འཕྱོག་བཟུང་འབད་མི་ ཅ་ཆས་ཚུ་ རིན་བསྡུར་ཐོག་བཙོང་ཡོདཔ།

དེ་ཡང་ གཞུང་ལུ་ འོང་འབབ་དངུལ་ཀྲམ་༥༦༢,༠༠༠ དེ་ཅིག་བཟོ་ནུག།

ཕུན་ཚོགས་གླིང་ ལུང་ཕྱོགས་ཅ་དམ་ཡིག་ཚང་གིས་བཙོང་མི་ ཅ་ཆས་ཚུ
༡༣/༠༦/༢༠༡༢   ༉ ཕུན་ཚོགས་གླིང་ལུང་ཕྱོགས་འོང་འབབ་དང་ ཅ་དམ་ཡིག་ཚང་གིས་ འདས་པའི་ཟླ་ངོ་༢ ཀྱི་ ནང་འཁོད་ལུ་ འཕྱོག་བཟུང་འབད་མི་ དངུལ་ཀྲམ་ས་ཡ་༠.༥༦༢ དེ་ཅིག་ གནས་པའི་ཅ་ཆས་ཚུ་ རིན་བསྡུར་ཐོག་ལས་ བཙོང་ཡོདཔ་ཨིན་པས།


ཅ་ཆས་ཚུ་ཡང་ མི་ཚུ་གིས་ རྒྱ་གར་ལས་ ནང་འདྲེན་འབད་བའི་ཤུལ་ལུ་ ལོག་སྟེ་ར་ ས་མཚམས་ཁྲོམ་སྡེ་ ཇའི་སྒང་ལུ་ འབག་འགྱོ་བའི་སྐབས་ འཕྱོག་བཟུང་འབད་མི་ཚུ་ཨིནམ་ད་ ཅ་དམ་འགོ་དཔོན་ཚུ་གིས་འབད་བ་ཅིན་ འབྲུག་ལུ་ རྒྱ་གར་གྱི་ཏི་རུ་ རུ་པིའི་དཀའ་ངལ་ཐོན་ཞིནམ་ལས་ཚུར་ ནང་འདྲེན་འབད་ཚར་མི་ ཚོང་ཆས་ཚུ་ ཕྱོགས་སྒྱུར་ཐོག་ ལོག་བཙོང་མིའི་ རྩོད་དོན་ཚུ་ ཡར་སེང་སོང་ཡི་ཟེར་ཨིན་པས།
འདས་པའི་སྤྱི་ཟླ་༤ པ་དང་༥ པའི་ནང་ འཕྱོག་བཟུང་འབད་མི་ ཚོང་ཆས་ཚུ་ རིན་བསྡུར་ཐོག་ བཙོང་མི་ལས་ གཞུང་གི་འོང་འབབ་བཟོ་མི་དེ་ མཐོ་ཤོས་ཅིག་ཨིན་པའི་ཁར་ ཅ་ཆས་ཚུ་ལུ་ བལྟ་བ་ཅིན་ ཁ་སྒྱུར་ཐོག་ ཚོང་འབྲེལ་འཐབ་མི་ ཡར་སེང་འགྱོ་བའི་ བརྡ་མཚོན་སྟོནམ་མས་ཟེར་ ཅ་དམ་འགོ་དཔོན་གྱིས་ སླབ་ཨིན་པས།
ཚོང་འབྲེལ་གྱི་ དཔྱད་གཞི་དང་འཁྲིལཝ་ད་ རྒྱ་གར་ལས་ ནང་འདྲེན་འབད་མི་ ཅ་ཆས་ཚུ་ འབྲུག་མི་ཚུ་གི་ མཁོ་སྤྱོད་དོན་ལུ་ཨིན་རུང་ རང་སྤྱོད་ནིའི་དོན་ལུ་ཨིན་པ་ཅིན་ རྒྱ་གར་གྱི་ མི་ཚུ་གིས་ འབྲུག་ལས་ཉོ་སྟེ་ རྒྱ་གར་ལུ་ འབག་ཆོག་ནི་ཨིན་པས།
ཅ་དམ་འགོ་དཔོན་ཚུ་གིས་ འཕྱོག་བཟུང་འབད་མི་ ཅ་ཆས་མང་ཤོས་ར་ ཨོ་ཕྱེ་དང་ ཆུམ་ མར་ཁུ་ པད་དཀར་མར་ཁུ་ དེ་ལས་ སེ་ཤུ་སྐུདཔ་དང་ སྣུམ་འཁོར་གྱི་ གྱིབ་འཁོར་ཚུ་ཨིནམ་ད་ མི་ཚུ་གིས་ རྒྱ་གར་ལུ་ བཙོང་ནིའི་དོན་ལུ་ འབག་འགྱོ་ནི་གི་ དཔའ་བཅམ་ད་ ཅ་དམ་འགོ་དཔོན་ཚུ་གིས་ འཕྱོག་བཟུང་འབད་མི་ ས་མར་ཁུ་ཡང་ འབྲུག་མར་ཁུ་བཀྲམ་སྤེལ་ལུ་ རིན་བསྡུར་ཐོག་བཙོང་སྟེ་ དངུལ་ཀྲམ་༤༥,༠༠༠ དེ་ཅིག་ ཐོབ་ཡོདཔ་ཨིན་པས།
ཅ་དམ་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ དེ་བཟུམ་མའི་ ཅ་ཆས་ཚུ་ ཕུན་ཚོགས་གླིང་གི་ སྒོ་རའི་ཕྱི་ཁར་ འབག་འགྱོ་བའི་སྐབས་ འཛིན་བཟུང་འབདཝ་ད་ མི་ངོམ་ཚུ་གིས་ ཁོང་ཆ་ཁྱབ་ སྤྱང་ཀ་ཨིནམ་ལས་ འོང་འབབ་བཟོ་ནིའི་དོན་ལུ་ ཅ་ཆས་ཚུ་ རྒྱ་གར་ལུ་འབག་སྟེ་ ཇའི་སྒང་གི་ ཚོང་པ་ཚུ་ལུ་ བཙོང་དོ་ཡོདཔ་སྦེ་ སླབ་མས་ཟེར་ཨིནམ་ད་ ལ་ལུ་གིས་འབད་བ་ཅིན་ ཁོང་གི་ལག་པར་ཡོད་མི་ འབྲུག་གི་དངུལ་ཀྲམ་དེ་ ལག་ལེན་འཐབ་ནིའི་དོན་ལུ་ ཅ་ཆས་ཚུ་ བཙོངམ་ཨིན་ཟེར་ཨིན་པས།
རྒྱ་གར་ལུ་འབད་བ་ཅིན་ ཅ་ཆས་ཉོ་མི་ལུ་ བེཊ་ཟེར་མི་ གནས་གོང་གུ་ ཁྲལ་སྤྲོད་དགོཔ་ཨིན་རུང་ འབྲུག་མི་ཚུ་གི་ཐད་ཁར་ ཁྲལ་བེཊ་སྤྲོད་མ་དགོཔ་ལས་ ཁོང་གིས་ ཅ་ཆས་ཚུ་ ཅ་དམ་འགོ་དཔོན་ཚུ་ལུ་ ཤོབ་རྐྱབ་སྟེ་ འབྲུག་ལས་ འབག་འགྱོཝ་མས་ཟེར་ ཅ་དམ་འགོ་དཔོན་དེ་གིས་ བཤདཔ་ཨིན་པས།
ཚོང་མགྲོན་པ་ཚུ་གིས་ ཇའི་སྒང་ལུ་ ཅ་ཆས་ཚུ་ ཁེ་ཏོག་ཏོ་ཐོབ་མི་དེ་ རྒྱ་གར་གྱི་ མི་ཚུ་གིས་ གནས་གོང་གི་ ཁྲལ་སྤྲོད་ནི་ལས་ ཟུར་ཐབས་འབད་མི་ལུ་བརྟེན་ཨིན་ཟེར་ འགོ་དཔོན་གྱིས་ བཤད་ཡོདཔ་ད་ རྒྱ་གར་གྱི་ ཚོང་པ་ཚུ་གིས་ གྱིབ་འཁོར་ལུ་ བེཊ་ཟེར་མི་ཁྲལ་ བརྒྱ་ཆ་༡༢ སྤྲོད་དགོཔ་ཨིན་རུང་ འབྲུག་མི་ཚུ་གིས་ བཙོང་ཁྲལ་བརྒྱ་ཆ་༥ མ་གཏོགས་ སྤྲོད་མ་དགོཔ་ལས་ རྒྱ་གར་གྱི་ མི་ཚུ་གིས་ འབྲུག་ལས་ གྱིབ་འཁོར་ཚུ་ཉོ་སྟེ་ ཇའི་སྒང་ལུ་བཙོངམ་ད་ འབྲུག་མི་ཚུ་གིས་ གོང་ཚད་ཚུ་ རྒྱ་གར་ལུ་ ཁེ་དོ་བཟུམ་མའི་ ཚོར་སྣང་བྱུངམ་ཨིན་མས་ཟེར་ སླབ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment