གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱ་གར་གྱིས་ འབྲུག་ལུ་ རུ་པི་དུང་ཕྱུར་༣.༦༡ བྱིན་ཡོདཔ།

རྒྱ་གར་གྱི་གཞུང་ཚབ་ པ་ཝཱན་ཀེ་ བཱར་མ་གིས་ དངུལ་རྩིས་བློན་པོ་དབང་འདུས་ནོར་བུ་ལུ་ དངུལ་འཛིན་ཅེག་ཚུ་ སྤྲོད་པའི་བསྒང་།
༉ སྤྱི་ཟླ་༦ པའི་ཚེས་༦ ལུ་ རྒྱ་གར་གཞུང་གིས་ མ་དངུལ་རུ་པི་དུང་ཕྱུར་༣.༦༡ དེ་ཅིག་ཡོད་མི་ དངུལ་འཛིན་ཅེག་༡༡ འབྲུག་གཞུང་ལུ་ སྤྲོད་ཡོདཔ་ཨིན་པས།
མ་དངུལ་ཡོངས་བསྡོམས་དེ་ལས་ རུ་པི་དུང་ཕྱུར་༢.༥ དེ་ ད་ལྟོ་ ལག་ལེན་འཐབ་བཞིན་དུ་ཡོད་མི་ འཆར་གཞི་༡༠ པའི་དོན་ལུ་ཨིནམ་མ་ཚད་ ལྷག་ལུས་རུ་པི་དུང་ཕྱུར་༡.༡༡ དེ་ སྤྱི་ལོ་༢༠༠༩ ལོའི་ ནང་ཁྲལ་སླར་ལོག་ཐོབ་མི་ཨིན་པས།



ད་རུང་ རུ་པི་དུང་ཕྱུར་༢.༥ ལས་ དུང་ཕྱུར་༡.༣༣ དེ་ གཞི་རྟེན་བཟོ་སྐྲུན་དཔེར་ན་ སློབ་གྲྭ་དང་ སྨན་ཁང་ འཐུང་ཆུ་བཀྲམ་སྤེལ་ ཞིང་ལམ་ལ་སོགས་པའི་ གོང་འཕེལ་ལས་འགུལ་ཆུང་ཀུ་ཚུ་གི་དོན་ལུ་ཨིན་པས།
དེ་ལས་ མ་དངུལ་རུ་པི་དུང་ཕྱུར་༠.༨༢ དེ་ དྲུང་ཁག་ཁྲིམས་འདུན་དང་ མངོན་མཐོ་ཁྲིམས་འདུན་བཟོ་སྐྲུན་ དེ་ལས་ དགེ་ལེགས་ཕུག་དང་ ཀྲོང་གསར་གྱི་ གཞུང་ལམ་བསལ་ནིའི་ ལས་འགུལ་དང་འབྲེལ་བའི་ གྲོགས་རམ་ཨིནམ་ད་ མ་དངུལ་ལྷག་ལུས་ རུ་པི་དུང་ཕྱུར་༠.༣༥ དེ་ གཞུང་ལུ་ རྩིས་ཆད་ཐོན་སར་ ལག་ལེན་འཐབ་མི་ ལས་རིམ་གྱི་ གྲོགས་རམ་མ་དངུལ་ཨིན་པས།
དེ་ཡང་ བཀྲིས་ཆོས་རྫོང་ནང་ དངུལ་འཛིན་ཅེག་ཚུ་ དངུལ་རྩིས་བློན་པོ་ དབང་འདུས་ནོར་བུ་ལུ་ རྩིས་སྤྲོདཔ་དང་འབྲེལ་ འབྲུག་ལུ་ རྒྱ་གར་གྱི་གཞུང་ཚབ་ པ་ཝཱན་ ཀེ་ བཱར་མ་གིས་ སླབ་མིའི་ནང་ རྒྱ་གར་ལུ་ ད་ལྟོའི་རྩིས་ལོ་ནང་ དངུལ་འབྲེལ་གྱི་ དཀའ་ངལ་བྱུང་སྟེ་ཡོད་རུང་ མ་དངུལ་དེ་ རྒྱ་གར་གཞུང་གིས་ རྒྱ་འབྲུག་ཟུང་ཕྱོགས་མཉམ་འབྲེལ་གྱི་ ལས་འཆར་དང་ ལས་འགུལ་སྣ་ཚོགས་ཚུ་གི་དོན་ལས་ མ་དངུལ་འཛིན་གྲོལ་གང་མགྱོགས་འབད་ནི་གི་ ཁས་ལེན་འབད་མི་དང་འཁྲིལ་ཨིན་ཟེར་ཨིན་པས།
རྒྱ་གཞུང་གིས་ ཁྱད་འཕགས་ཅན་དང་ དམིགས་བསལ་གྱི་ མཐུན་འབྲེལ་དམ་ཟབ་ཡོད་མི་ འབྲུག་རྒྱལ་ཁབ་ལུ་ གཙོ་རིམ་ཅན་སྦེ་བྱིན་དོ་ཡོདཔ་ལས་ ལས་འགུལ་ཆ་མཉམ་ར་ དུས་ཚོད་ཁར་ མཇུག་བསྡུ་ཚུགས་པའི་ རེ་བ་ཡོད་ཟེར་ གཞུང་ཚབ་ཀྱིས་ བཤད་ཡོདཔ་ད་ དུས་ཅི་ སྤྱི་ཟླ་༤ པ་ལས་ཚུར་ རྒྱ་གར་གྱིས་ མ་དངུལ་བསྡོམས་ རུ་པི་དངུ་ཕྱུར་༧.༥ འཛིན་གྲོལ་འབད་ཡོད་མིའི་གྲངས་སུ་ བདུན་ཕྲག་ཧེ་མའི་ནང་ སྤུ་ན་གཙང་ཆུ་དང་པ་དང་༢ དེ་ལས་ མང་སྡེ་ཆུ་གློག་མེ་ལས་འགུལ་གྱི་དོན་ལུ་ རུ་པི་དུང་ཕྱུར་༡.༩ འཛིན་གྲོལ་འབད་མི་དེ་ ཚུདཔ་ཨིན་པས།
དངུལ་རྩིས་བློན་པོ་ དབང་འདུས་ནོར་བུ་གིས་ མ་དངུལ་གྲོགས་རམ་བྱིན་མི་ རྒྱ་གར་གཞུང་ལུ་ བཀྲིན་དགའ་ཚོར་ཞུཝ་དང་འབྲེལ་ མ་དངུལ་དེ་ རྒྱལ་ཁབ་ནང་ རུ་པིའི་དཀའ་ངལ་ཐོན་པའི་ ནམ་དུས་ལུ་ བྱིན་ཡོདཔ་ལས་ ཚར་ཅིག་ དངུལ་ཁང་ནང་ བཙུགས་པའི་ཤུལ་ལུ་ དཀའ་ངལ་ཆུང་སུ་འགྱོ་བའི་ རེ་བ་ཡོད་ཟེར་ཨིན་པས།
ང་བཅས་ཀྱི་ ཁ་ཐུག་ལས་ ལས་འགུལ་དེ་ཚུ་ ག་དེ་མགྱོགས་མགྱོགས་ འགོ་འདྲེན་འཐབ་ཐོག་ལས་ དུས་ཚོད་ནང་འཁོད་ལུ་ མཇུག་བསྡུ་ཚུགསཔ་འབད་ནི་གི་ རྩ་འགེངས་འོང་ཟེར་ བློན་པོ་དབང་འདུས་ནོར་བུ་གིས་ བཤད་ཡོདཔ་ཨིན་པས།
འབྲུག་རྒྱལ་ཁབ་ཀྱིས་ འཆར་གཞི་༡༠ པའི་དོན་ལུ་ མ་དངུལ་རུ་པི་དུང་ཕྱུར་༢.༥ ཐོབ་མི་དང་བསྟུན་ རྒྱ་གཞུང་གིས་ མ་དངུལ་དུང་ཕྱུར་༣༤ ཁས་ལེན་འབད་མི་ལས་ བརྒྱ་ཆ་༧༥ འབདཝ་ད་ རུ་པི་དུང་ཕྱུར་༣༤ ཐོབ་ཡོདཔ་ཨིན་པས།
མ་དངུལ་ཡོངས་བསྡོམས་ རུ་པི་དུང་ཕྱུར་༣༤ དེ་ དབྱེ་ཁག་གསུམ་བཟོ་ཐོག་ལས་ འཛིན་གྲོལ་འབད་མི་དེ་ཡང་ གོང་འཕེལ་ལས་འགུལ་ཆུང་བའི་དོན་ལུ་ རུ་པི་དུང་ཕྱུར་༧ དང་ ལས་རིས་གྲོགས་རམ་གྱི་དོན་ལུ་ རུ་པི་དུང་ཕྱུར་༧ དེ་ལས་ ལས་འགུལ་གྲོགས་རམ་གྱི་དོན་ལུ་ རུ་པི་དུང་ཕྱུར་༢༠ ཨིན་པས།
གྲོགས་རམ་མ་དངུལ་ལྷག་ལུས་ རུ་པི་དུར་ཕྱུར་༨.༦ དེ་ སྤྱི་ལོ་༢༠༡༣ ཟླཝ་༦ པའི་ནང་ འཆར་གཞི་༡༠ པ་མཇུག་མ་བསྡུ་བའི་ཧེ་མར་ དུས་ཅི་ སྤྱི་ཟླ་༡༠ པ་དང་༡༡ པའི་ནང་ འཐོབ་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱི་ ལས་རིམ་མཉམ་འབྲེལ་གཙོ་འཛིན་ རིན་ཆེན་དབང་འདུས་ཀྱིས་ སླབ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment