གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཕོ་སྐྱེས་ཅིག་ལུ་ བཙོན་ཁྲིམས་ལོ་༩ དང་ཟླཝ་༤ བཀལ་ཡོདཔ།

༉ ན་ཧིང་ དགེ་ལེགས་ཕུག་ལུ་ བྱ་ནད་ཀྱི་ སྨན་བཅོས་འབད་མི་ སྐྱེས་ལོ་༣༩ ལང་མི་ ཕོ་སྐྱེས་ཅིག་གིས་ སྐྱེས་ལོ་༡༦ ལང་མི་ སློབ་ཕྲུག་བུམོ་ཅིག་ལུ་ དབང་བཙོང་ལུས་འབྲེལ་འབད་མི་དེ་ལུ་ ཁ་ཙ་ དགེ་ལེགས་ཕུག་དྲུང་ཁག་གིས་ བཙོན་ཁྲིམས་ལོ་༩ དང་ཟླཝ་༤ བཀལ་ཡོདཔ་ཨིན་པས།
དེ་ཡང་ ཁྲིམས་སྲུང་འགག་པ་བགྲེསཔ་ ཚེ་རིང་རྡོ་རྗེ་གིས་ སློབ་ཕྲུག་བུམོ་དེ་ལུ་ བྱ་ནད་ཀྱི་ སྨན་བཅོས་འབད་དགོཔ་སྦེ་ སླབ་པའི་ཤུལ་ལུ་ ཁོ་གིས་ འདོད་སྤྱོད་འབད་ཡོདཔ་ཨིན་པས།


ཉེས་ཅན་དེ་ ན་ཧིང་ སྤྱི་ཟླ་༨ པའི་ཚེས་༣༠ ལུ་ ཁྲིམས་སྲུང་འགག་པ་གིས་ དགེ་ལེགས་ཕུག་ཁྲོམ་ཁ་ལས་ འཛིན་བཟུང་འབད་ཡོདཔ་ཨིན་པས།
འཁྲུན་ཆོད་དང་འཁྲིལཝ་ད་ མ་གཞི་ ཉེས་ཅན་གྱིས་འབད་བ་ཅིན་ བུམོ་དེ་དང་ མོས་མཐུན་ཐོག་ལས་ ལུས་འབྲེལ་འབད་འབདཝ་ཨིན་ཟེར་སླབ་རུང་ དེ་བསྒང་ ཉམས་རྒུདཔ་བུམོ་དེ་ སྐྱེས་ལོ་༡༦ དང་ ཟླཝ་༥ ལས་ མ་ལང་ནི་དེ་གིས་ གནང་བ་སྤྲོད་ནིའི་ ལྕོགས་གྲུབ་མེད་པའི་ཁར་ མོ་ར་ ནདཔ་ཅིག་ཨིནམ་ལས་ སྨན་བཅོས་འབད་ནིའི་དོན་ལུ་ བློ་གཏད་ཐོག་ལས་ རྩོད་ཟླ་གི་ཁྱིམ་ནང་འབོ་ཡོདཔ་ལས་ ཁོང་གཉིས་ཀྱི་བར་ན་ དྲུང་འཚོ་དང་ ནདཔ་གི་འདུ་ཤེས་ བསྐྱེད་དགོཔ་ཨིན་རུང་ བློ་གཏད་མི་ལུ་ བར་རྐྱེན་རྐྱབ་སྟེ་ འདོད་སྤྱོད་འབད་ནུག་ཟེར་ཨིན་པས།
ཤུལ་ལས་ སྨན་ཁང་གི་ བརྟག་དཔྱད་སྙན་ཞུ་དང་འཁྲིལཝ་ད་ ཉམས་རྒུདཔ་བུམོ་དེ་ལུ་ བྱ་ནད་མེདཔ་སྦེ་ ཤེས་ཡོདཔ་མ་ཚད་ མོ་ལུ་ སྨན་བཅོས་ཚུ་ ག་ཅི་ཡང་ འབད་མ་དགོཔ་སྦེ་ སླབ་ཡོདཔ་ལས་ ཉེས་ཅན་དེ་གིས་ མོ་ལུ་ རྒུད་འཐུས་དངུལ་ཀྲམ་༦,༠༠༠ སྤྲོད་དགོཔ་ཨིན་པས།
ཨིན་རུང་ ཉེས་ཅན་དེ་གིས་ ཆེ་མཐོ་ཁྲིམས་ཀྱི་འདུན་སར་ མཐོ་གཏུགས་འབད་ནིའི་དོན་ལུ་ ཉིན་གྲངས་༡༠ ཡོདཔ་ཨིན་པས།
ཉེས་ཅན་གྱི་ ཨམ་སྲུ་དང་ ཨ་ལུ་ཚུ་ དགེ་ལེགས་ཕུག་ཁར་ སྡོད་དོ་ཡོདཔ་བཞིན་དུ་ ཁོང་སྡོད་སའི་ཁང་མིག་༡ འབད་མི་ ཁྱིམ་ནང་ལས་ ཁྱིམ་གྱི་ཇོ་བདག་གིས་ ཐོན་སོང་ཟེར་ སླབ་ཡོདཔ་ཨིན་པས།
གནས་ཚང་བཀྲིས་དབྱངས་འཛོམས་དེ་ ཨ་ལུ་མཚེ་མ་སྐྱེས་བའི་ཤུལ་ལུ་ རྩ་བསྐུམ་ནད་ཐོབ་ཡོདཔ་ད་ མོ་གིས་འབད་བ་ཅིན་ ཨ་ལུ་ལུ་ ཨོམ་བྱིན་ནི་དང་ བདག་འཛིན་འཐབ་ནི་ལུ་ ལཱ་ཁག་རྐྱབ་མས་ཟེར་ཨིན་པས།
ཁོང་༢ གཉེན་རྐྱབ་སྟེ་ ལོ་༣ ལང་ཡོདཔ་ད་ མོ་གིས་ སླབ་མིའི་ནང་ མོ་རའི་རྨགཔ་གིས་ དེ་བཟུམ་མའི་ བྱ་ངན་འབད་འོང་ཟེར་ མནོ་བསམ་མ་བཏང་ཟེར་ཨིན་པས།
ཁོ་གིས་ གཞན་ལུ་ བྱ་ངན་འབད་བའི་རྣམ་སྨིན་དེ་ མོ་དང་ མོ་གི་ ཨ་ལུ་ཚུ་ལུ་ ཕོག་ནུག་ཟེར་ བཀྲིས་དབྱངས་འཛོམས་ཀྱིས་ སླབ་ཨིན་པས།
བཀྲིས་དབྱངས་འཛོམས་ཀྱིས་ སླབ་མིའི་ནང་ མོ་གིས་ ཨ་ལུ་༣ ག་དེ་སྦེ་ གསོ་ཚུགས་ག་ཟེར་བའི་ ཚ་གྱང་ལངམ་མས་ཟེར་ཨིནམ་ད་ མོ་གི་མནོ་བསམ་ལས་ མགྱོགས་པར་དྲག་ཚུགས་པ་ཅིན་ ལཱ་རེ་འབད་དེ་ ཨ་ལུ་ཚུ་ གསོ་ནི་ཟེར་ཨིན་པས།
མོ་གིས་ ཧེ་མ་ གོ་ལ་འཐག་ཞིནམ་ལས་ བསགས་བཞག་མི་ ཏི་རུ་ཚུ་ག་ར་ རྫོགས་སོ་ཡི་ཟེར་ སླབ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment