གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བདེ་བ་ཐང་ལས་ བཟོ་སྐྲུན་ལས་མི་༦༩ བྱོག་སོང་ཡོདཔ།

ལས་མིའི་ལྟ་རྟོག་པ་དང་གཅིག་ཁར་ བྱོག་སོང་མི་ ལས་མི་ཚུ་གིས་ ཁག་འབགཔ་ལས་ དངུལ་ཀྲམ་ས་ཡ་༡ ལེན་འབག་ཡོདཔ་ཨིན་པས།

བཟོ་སྐྲུན་འབད་བའི་བསྒང་ཡོད་མི་ སྒྲིང་ཁྱིམ་ཚུ།
༡༣/༠༦/༢༠༡༢   ༉ རེས་གཟའ་ཟླ་བའི་ཕྱི་རུ་ བསམ་གྲུབ་ལྗོངས་མཁར་ བདེ་བ་ཐང་འཇིགས་མེད་རྣམ་རྒྱལ་བཟོ་རིག་སྤེལ་ཁང་ནང་ བཟོ་སྐྲུན་གྱི་ ལཱ་འབད་མི་ རྒྱ་གར་གྱི་ལས་མི་༦༨ ཁོང་རའི་ ལྟ་རྟོག་པ་དང་གཅིག་ཁར་ བྱོག་ཡར་སོཔ་ཨིན་པས།
དེ་ཡང་ ལས་མི་ཚུ་ སྤེལ་ཁང་གི་ ལས་བྱེད་པའི་སྡོད་ཁང་༣ དང་ མགྱོན་ཁྱིམ་༡ དེ་ལས་ བརྡ་དོན་འཕྲུལ་རིག་དང་ དཔེ་མཛོད་ཁང་རྐྱབ་མི་ཨིན་པས།



སྤྱི་ཟླ་༦ པའི་ཚེས་༦ ལུ་ བཟོ་སྐྲུན་གྱི་ ཁག་འབགཔ་དེ་གིས་ ལས་མིའི་ལྟ་རྟོག་པ་ལུ་ ལས་མིའི་གླ་ཆ་རྩིས་ཏེ་ དངུལ་ཀྲམ་འབུམ་༡༠ སྤྲོད་ཡོད་མི་ལས་ དངུལ་ཀྲམ་འབུམ་༣ དེ་ཅིག་ སྔོན་བྱིན་སྦེ་སྤྲོད་ནུག།
ཁག་འབགཔ་གི་ བཟོ་རིག་འགོ་དཔོན་གྱིས་ སླབ་མིའི་ནང་ ལས་མིའི་ལྟ་རྟོག་པ་(ཋི་ཁ་དར) དེ་གིས་ བཟོ་སྐྲུན་གྱི་ ལཱ་མཇུག་བསྡུ་ཚརཝ་ད་ དངུལ་ཀྲམ་ས་ཡ་༨.༧༠ འཐོབ་ནི་ཨིན་རུང་ དངུལ་ཀྲམ་ས་ཡ་༧ ལེན་འབག་ཚར་ཡི་ཟེར་ཨིན་པས།
བཟོ་སྐྲུན་གྱི་ ལཱ་འབད་དེ་ ཟླཝ་༡༩ སོང་ཡོདཔ་ད་ ལས་འགུལ་གྱི་ དུས་ཚོད་དེ་ ཟླཝ་༢༠ གི་ནང་འཁོད་ལུ་ མཇུག་བསྡུ་དགོཔ་ཨིན་པས།
ལས་འགུལ་དེ་གི་ ཁག་འབག་ལེན་མི་ གླེ་མོ་བཟོ་སྐྲུན་ལས་སྡེའི་ ཁག་འབགཔ་མགོན་པོ་ཚེ་རིང་གིས་འབད་བ་ཅིན་ རྒྱ་གར་གྱི་ལས་མི་ཚུ་ བྱོག་སོང་མིའི་ཐད་ཁར་ ག་ལུ་ཡང་ ཁ་ཉེས་བཀལ་དགོཔ་མེད་ཟེར་ཨིན་པས།
ལས་མིའི་ལྟ་རྟོག་པ་དེ་གིས་ བཟོ་རིག་འགོ་དཔོན་ལུ་ ལས་མི་ཚུ་གི་ ལཱ་གི་ཆོག་ཐམ་བྱིན་དགོཔ་སྦེ་ འཇིགས་སྐྲག་སྟོན་ནུག་ཟེར་ མགོན་པོ་རྡོ་རྗེ་གིས་ སླབ་མ་ཚད་ ལྟ་རྟོག་པ་དེ་གིས་ ཏི་རུ་མངམ་དགོཔ་སྦེ་ བློ་འདོད་བཀོད་དེ་ ཧ་ལམ་ཡར་སོ་རུང་ ལཱ་ཕྱེད་ཀ་སྦེ་ བཀོག་བཞག་སྟེ་ འགྱོ་འོང་ཟེར་ མནོ་བསམ་ར་ མ་བཏང་ཟེར་ སླབ་ཨིན་པས།
ཁག་འབགཔ་གིས་འབད་བ་ཅིན་ ཤུལ་མའི་ བདུན་ཕྲག་ནང་ལས་ བཟོ་སྐྲུན་གྱི་ ལཱ་ལོག་འགོ་བཙུགས་ཚུགས་པའི་ རེ་བ་ཡོདཔ་བཞིན་དུ་ ད་ལྟོ་ ལཱ་བརྒྱ་ཆ་༨༠ དེ་ཅིག་ འབད་ཚར་ཡོདཔ་ལས་ ཟླཝ་༢ ཀྱི་ནང་འཁོད་ནང་ལུ་ མཇུག་བསྡུ་འོང་ཟེར་ཨིན་པས།
ཁོ་གིས་ ནུབ་བེང་གཱལ་ལས་ ལས་མི་གསརཔ་༤༠ ལེན་ནི་སྦེ་ གྲ་སྒྲིག་བཟོ་སྟེ་ཡོདཔ་ལས་ ཕྱི་མི་ནང་སྐྱོད་འགོ་དཔོན་ཚུ་ལུ་ ལཱ་གི་ཆོག་ཐམ་གསརཔ་ གནང་དགོ་པའི་ ཞུ་བ་འབད་ནི་ཟེར་ཨིན་པས།
ཕྱི་མི་ནང་སྐྱོད་འགོ་དཔོན་ཚུ་གིས་འབད་བ་ཅིན་ ལས་མི་བྱོག་སོང་མི་ཚུ་ བདའ་ཟུན་ཚུགས་པར་ ལཱ་ཁག་འོང་ནི་ཨིན་རུང་ ལཱ་བྱིན་མིའི་ཁ་ཐུག་ལས་ ཕྱི་མི་ནང་སྐྱོད་ཡིག་ཚང་ནང་ ཉོགས་བཤད་ཡི་གུ་བཙུགས་པ་ཅིན་ ལས་མི་ཚུ་གི་ ལཱ་གི་ཆོག་ཐམ་ཚུ་ བཀག་ཆ་འབད་ཚུགས་ཟེར་ཨིན་པས།
ལས་མི་ཚུ་ དེ་བཟུམ་བྱོག་འགྱོ་བའི་ དཀའ་ངལ་དེ་ ཧེ་མ་ལས་ར་ཡོད་ཟེར་ འགོ་དཔོན་ཅིག་གིས་ བཤད་པའི་ཁར་ ལས་མི་ལ་ལུ་ཅིག་ ཁག་འབགཔ་གིས་ གླ་ཆ་མ་སྤྲོད་མི་ལུ་བརྟེན་ བྱོག་འགྱོཝ་མ་ཚད་ ལ་ལུ་ཅིག་ སྔོན་བྱིན་མ་དངུལ་ཚུ་འབག་སྟེ་ བྱོག་འགྱོཝ་མས་ཟེར་ སླབ་ཨིན་པའི་གནས་ཚུལ།
རྒྱ་གར་གྱི་ ལས་མི་ཚུ་གིས་ བཀོག་བཞག་མི་ བཟོ་སྐྲུན་གྱི་ས་ཁོངས།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment