གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁས་བླངས་གསལ་སྒྲགས་འབད་རུང་ མའོ་ཁོ་ལའི་ཟམ་མེད་པའི་གནས་སྟངས།

ཉེན་ཁ་ཆེ་རུང་ ཐབས་མེད་པར་ བརྒལ་འགྱོ་དགོ་པའི་ མའོ་ཁོ་ལ་གཙང་ཆུ།
༡༩/༠༦/༢༠༡༢   ༉ དགེ་ལེགས་ཕུག་ འདེམས་ངོ་གིས་ མའོ་ཁོ་ལ་གཙང་ཆུའི་གུ་ལས་ ཟམ་བཟོ་སྐྲུན་གྱི་ཁས་བླངས་གསལ་བསྒྲགས་འབད་མི་དེ་ གཉིད་ལམ་བཟུམ་ཅིག་ལུ་སོང་ཡོདཔ་ལས་ གཙང་ཆུའི་གཡས་དང་གཡོན་གྱི་ ས་གནས་ཚུ་ནང་སྡོད་མི་ མི་སེར་ཚུ་ལུ་ སེམས་ཕམ་གྱི་གཞི་ཅིག་ལུ་གྱུར་ཡོདཔ་མ་ཚད་ ཕར་ཚུར་རྒྱུན་འབྲེལ་འབདཝ་ད་ཡང་ ཉེན་ཁ་ཅན་ཅིག་སྦེ་ར་ཡོདཔ་ཨིན་པས།


དེ་མ་ཚད་ གསེར་ཤོང་དང་ ཨུམ་གླིང་རྒེད་འོག་༢ ཀྱི་བར་ན་ སྦྲེལ་མཐུད་ཀྱི་དོན་ལུ་ གཙང་ཆུ་༦ དེ་ཅིག་ཡོད་མི་ཚུ་ནང་ གནས་སྐབས་ཀྱི་དོན་ལུ་ ཤིང་ཟམ་རྐྱབ་ཡོད་མི་ཚུ་ གནམ་འབྱ་ཆར་ཆུའི་དུས་ཚོད་ འགོ་བཙུགས་མི་ལུ་བརྟེན་ ག་ར་ཆུ་གིས་འཕྱགས་བདའ་བའི་བསྒང་ལས་ ཟམ་ཏན་ཏན་ སྒྲིང་སྒྲིང་ཅིག་མ་རྐྱབ་ཚུན་ དཀའ་ངལ་དེ་བསལ་མི་ཚུགས་ཟེར་ ཆུ་གཟར་བསྒང་རྒཔོ་ སངས་རྒྱས་ཚེ་རིང་གིས་ བཤདཔ་ཨིན་པས།
མའོ་ཁོ་ལའི་གཙང་ཆུ་དེ་ གྲུ་ནང་སྦེ་ ཉེན་ཁ་ཅན་གྱི་གནས་སྟངས་ཐོག་ འགྲོ་འགྲུལ་འཐབ་དགོཔ་མ་ཚད་ རོང་ཆུ་གཞན་མི་ཚུ་ནང་ལས་ཡང་ རྐང་ཐང་སྦེ་ བརྒལ་འགྱོ་དགོ་ནི་དེ་གིས་ ཉེན་ཁ་ཡོད་རུང་ གཡུས་མི་ཚུ་གིས་ ཉིན་བསྟར་བཞིན་དུ་ རྒྱུན་མ་ཆད་པར་འགྲོ་འགྲུལ་འབདཝ་མས་ཟེར་ཨིནམ་ད་ དེ་ཡང་ ཁག་ཆེ་བའི་ལཱ་ཐོན་པའི་བསྒང་ལས་ ཐབས་ར་མེད་པར་ རྒྱུན་འགྲུལ་འཐབ་མས་ཟེར་ཨིན་པས།
དགེ་ལེགས་ཕུག་ལས་ ཀུན་བཟང་གིས་ སླབ་མིའི་ནང་ མའོ་ཁོ་ལ་གཙང་ཆུའི་གུ་ལས་ཟམ་ཡོད་པ་ཅིན་ དེ་གིས་ ས་གནས་མི་སེར་གྱིས་མ་ཚད་ འགྲོ་འགྲུལ་འབད་དགོཔ་བྱུང་མི་ག་ར་ལུ་ཕན་ཐོགས་ནི་མས་ཟེར་ཨིན་པས།
དེ་བཟུམ་མའི་ ཁས་བླངས་དང་འབྲེལ་བའི་ལོ་རྒྱུས་ཚུ་མེད་པ་ཅིན་ ང་བཅས་ཀྱིས་ ས་གནས་དེ་ཁ་ལས་ ས་ཆ་ཚུ་ཡང་ མ་ཉོཝ་འོང་ཟེར་ ས་ཆ་ཉོ་ཡོད་མི་ ཆོས་སྒྲོན་གྱིས་བཤད་པའི་ཁར་ མོ་གིས་འབད་བ་ཅིན་ གཞུང་གིས་ཁས་བླངས་གསལ་བསྒྲགས་འབད་ཡོདཔ་ལས་ ཉིནམ་ཅིག་གི་ཚེ་ གྲུབ་འབྲས་འབྱུང་ཚུགས་འོང་མནོ་བའི་རེ་བ་བསྐྱེད་དོ་ཟེར་ཨིན་པས།
ད་རུང་ གཞན་མི་ཅིག་གིས་སླབ་མིའི་ནང་ ད་རེས་ནངས་པའི་ དམངས་གཙོའི་རིང་ལུགས་དང་འཁྲིལཝ་ད་ ཁས་བླངས་གསལ་བསྒྲགས་ཚུ་ལུ་ ཡིད་ཆེས་བསྐྱེད་ནི་དེ་ བློ་ཕམ་གྱི་ གཞི་ཅིག་ལྷག་པའི་གྲུབ་འབྲས་གཞན་མིན་འདུག་ཟེར་ཨིན་པས།
དགེ་ལེགས་ཕུག་དྲུང་ཁག་གི་ བཟོ་རིག་འགོ་དཔོན་ སྐལ་བཟང་རྡོ་རྗེ་གིས་ སླབ་མིའི་ནང་ མི་སེར་ཕར་ཚུར་ འགྲོ་འགྲུལ་འབདཝ་ད་ དཀའ་ངལ་གཞན་མི་ཅིགཔ་དེ་ གསེར་ཤོང་རྒེད་འོག་གི་ ཐེ་བར་ཆུ་ རིང་ཚད་ཕིཊི་༡༣༠ དེ་ཅིག་འབད་མི་དེ་ཨིནམ་ལས་ ས་གནས་དེ་ཁར་ ཟམ་རྐྱབ་དོ་ཡོད་མི་གིས་ དཀའ་ངལ་བསལ་ཚུགས་པའི་རེ་བ་ཡོད་ཟེར་ཨིན་པས།
ཟམ་བཟོ་སྐྲུན་དེ་ སྤྱི་ཟླ་༦ པ་དེ་ཅིག་ནང་ མཇུག་བསྡུ་དགོཔ་ཨིན་རུང་ དོ་འགྲན་ཅན་གྱི་གནས་སྟངས་ཚུ་ལུ་བརྟེན་ མཇུག་བསྡུ་མ་ཚུགས་པར་ ཕྱིར་འགྱངས་སྦེ་ལུས་སོ་ཡི་ཟེར་ཨིན་པས།
ཨིན་རུང་ ཟམ་དེ་ སྤྱི་ཟླ་༧ པའི་ནང་ལུ་ སྒོ་འབྱེད་འབད་ཚུགས་པའི་ རེ་བ་ཡོད་ཟེར་ཨིནམ་ད་ ཟམ་བཟོ་སྐྲུན་གྱི་ལཱ་དེ་ མ་དངུལ་ས་ཡ་༧ ལྷགཔ་ཅིག་ ཟད་འགྲོ་བཏང་ཐོག་ལས་ རྐྱབ་དོ་ཡོདཔ་ཨིན་པས།
མི་ཚུ་གིས་ ཉེན་ཁ་ཅན་གྱི་གནས་སྟངས་ཐོག་ལས་ གཙང་ཆུ་བརྒལ་ཏེ་ ཕར་ཚུར་འགྲོ་འགྲུལ་འབད་མི་མར་ཕབ་འབད་ཐབས་ལུ་ ཟ་ཆས་ཚུ་ འབྲུག་བཟའ་སྤྱོད་ལས་འཛིན་གྱིས་ འགོ་འདྲེན་ཐོག་ལས་ གསེར་ཤོང་དང་ ཆུ་གཟར་སྒང་ སྟག་ལི་ཐང་དང་ ཨུམ་གླིང་རྒེད་འོག་ཚུ་ནང་ ཚོང་ཁང་རེ་ གཞི་བཙུགས་འབད་མིའི་ནང་ལས་བཙོང་ནི་ཨིན་ཟེར་ དྲུང་པ་ པདྨ་དབང་འདུས་ཀྱིས་ བཤདཔ་ཨིན་པས།
འབྲུག་གློག་མེ་ལས་འཛིན་གྱིས་ཡང་ ནངས་པ་ལས་འགོ་བཙུགས་ཏེ་ གློག་མེའི་སྤྱོད་འཐུས་ཚུ་སྤྲོད་པར་ མི་སེར་ཚུ་འོང་མ་དགོཔ་སྦེ་ ས་གནས་ཁག་ཚུ་ནང་ལུ་ ལས་འཛིན་འགོ་དཔོན་ཚུ་གིས་ བསྡུ་ལེན་འབད་བར་འོང་ནི་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment