གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁྲལ་ཡར་སེང་གི་གྲོས་འཆར།

༢༡/༠༦/༢༠༡༢   ༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུ་ནང་ དངུལ་རྩིས་བློན་པོ་ དབང་འདུས་ནོར་བུ་གིས་ ཁྲལ་བསྐྱར་བཟོའི་དཔྱད་ཡིག་གི་ ངོ་སྤྲོད་ཕུལ་མི་དང་འཁྲིལཝ་ད་ ད་ལས་ཕར་ སྣུམ་འཁོར་དང་ ས་སྣུམ་ ཁྱེགས་སྒྲོམ་ བསིལ་དྲོད་སྙོམས་འཕྲུལ་ ཆང་ འཛིན་ཆས་ ཤ་དང་ཉ་ སྒོང་རྡོག་ གོས་ཆེན་གྱི་ཐགས་རིགས་ དེ་ལས་ ལྕགས་ཐག་སོག་ལེབ་པ་ཝར་ཅེན་གྱི་ གོང་ཚད་ཚུ་ ཧེ་མ་དང་ཕྱདཔ་ད་ ཡར་སེང་འགྱོ་ནི་བཟུམ་ཅིག་ ཡོདཔ་ཨིན་པས།


གྲོས་འཆར་དེ་ ཆ་འཇོག་འགྲུབ་པ་ཅིན་ ནུས་ཤུགས་སི་སི་༡༨༠༠ ཡན་ཆད་འབད་མི་ སྣུམ་འཁོར་ཚུ་ལུ་ ད་ལྟོ་ བཙོང་ཁྲལ་དང་ ཅ་དམ་ཁྲལ་བརྒྱ་ཆ་༤༥ ཨིན་མིའི་གུ་ སྔོ་ལྗང་ཁྲལ་བརྒྱ་ཆ་༤༠ བཀལ་ནི་ཨིནམ་ལས་ བསྡོམས་ཀྱིས་ཁྲལ་བརྒྱ་ཆ་༨༥ ལུ་ ལྷོད་ནི་ཨིན་པས།
ནུས་ཤུགས་སི་སི་༡༨༠༠ ཡན་ཆད་འབད་མིའི་ནང་ སྣུམ་འཁོར་ལེནཌི་ཀུ་ཛར་དང་ སི་ཨར་བི་ སཱན་ཏ་ཕི་ ཊུག་སཱན་ལ་སོགས་པ་ཚུ་ཚུད་ནི་ཨིནམ་ད་ དཔེ་འབད་བ་ཅིན་ གོང་ཚད་དངུལ་ཀྲམ་འབུམ་༡༠ འབད་མི་ སྣུམ་འཁོར་ཚུ་ལུ་ སྔོ་ལྔང་ཁྲལ་བརྒྱ་ཆ་༤༠ བཀལཝ་ད་ བཙོང་ཁྲལ་དང་ ཅ་དམ་ཁྲལ་རྩིས་ཏེ་ དངུལ་ཀྲམ་འབུམ་༡༤ གནས་ནི་ཨིན་པས།
དེ་འབདཝ་ད་ མི་མང་སྐྱེལ་འདྲེན་བཱསི་ཚུ་དང་ གྲོང་གཡུས་ཀྱི་འཁོར་ལམ་བདའ་སྟེ་ འགྲོ་འགྲུལ་འབད་མི་ སྣུམ་འཁོར་པིཀ་ཨཔ་དང་ ཊཱག་ཚུ་དང་འདྲ་བའི་ ཉེར་སྤྱོད་སྣུམ་འཁོར་ཚུ་ སྔོ་ལྗང་ཁྲལ་ མི་ཕོག་ནི་ཨིན་པས།
དེ་བཟུམ་སྦེ་ ས་མར་ཁུ་དང་ མེ་རླུང་ པེ་ཊཱོལ་ ཌི་ཟིལ་ འཕྲུལ་ཆའི་བྱུག་སྣུམ་ཚུ་ལུ་ སྔོ་ལྗང་ཁྲལ་བརྒྱ་ཆ་༥ རེ་ བཀལ་ནི་ཨིནམ་མ་ཚད་ ཁྱེགས་སྒྲོམ་དང་ བསིལ་དྲོད་སྙོམས་འཕྲུལ་ཚུ་ལུ་ སྔོ་ལྗང་ཁྲལ་བརྒྱ་ཆ་༡༠ རེ་ བཀལ་ནི་ཨིན་པས།
ཆང་རིགས་ཀྱི་ ནང་ཁྲལ་བསྐྱར་བཟོའི་ཐད་ཁར་ བི་ཡར་མ་རྩིས་བར་ ནང་འཁོད་ལས་ ཐོན་སྐྱེད་འབད་མི་ཆང་ཚུ་ལུ་ བཙོང་ཁྲལ་བརྒྱ་ཆ་ལས་བརྒྱ་དང་ ནང་ཁྲལ་ཚུ་ ཧེ་མ་བརྒྱ་ཆ་༣༠ དང་༧༥ འི་བར་ན་ ཡོད་མི་ལས་ ད་ལྟོ་ བརྒྱ་ཆ་༥༠ ལུ་ བསྐྱར་བཟོ་འབད་ཡོདཔ་ཨིན་པས།
དེ་ལས་ ནང་འཁོད་ཀྱི་ བི་ཡར་བཙོང་ཁྲལ་དེ་ ཧེ་མ་ བརྒྱ་ཆ་ལས་བརྒྱ་ཡོད་མིའི་གུ་ བརྒྱ་ཆ་ལས་བརྒྱ་དང་ ནང་ཁྲལ་དེ་ ཧེ་མ་མེད་སར་ བརྒྱ་ཆ་༥༠ བཀོད་དེ་ཡོདཔ་ཨིན་པས།
རྒྱ་གར་དང་ རྒྱལ་ཁབ་གཞན་ཚུ་ནང་ལས་ བི་ཡར་དང་ ཆང་རིགས་གཞན་ ནང་འདྲེན་འབད་མི་ལུ་ ནང་ཁྲལ་བརྒྱ་ཆ་༥༠ བསྐྱར་བཟོ་འབད་ཡོདཔ་ཨིན་པས།
དེ་ལས་ ཤ་དང་ཉ་ སྒོང་རྡོག་ཚུ་གི་ བཙོང་ཁྲལ་དེ་ ཧེ་མ་མེད་རུང་ ད་རེས་ བརྒྱ་ཆ་༥ བཀལ་ནི་ཨིནམ་ད་ གོས་ཆེན་གྱི་ཐགས་རིགས་ལུ་ བཙོང་ཁྲལ་བརྒྱ་ཆ་༡༥ དང་ ཅ་དམ་ཁྲལ་བརྒྱ་ཆ་༥༠ དེ་ལས་ འཛིན་ཆས་ཀྱི་ བཙོང་ཁྲལ་བརྒྱ་ཆ་༡༥ དང་ ལྕགས་ཐག་སོག་ལེབ་པ་ཝར་ཅེན་གྱི་ བཙོང་ཁྲལ་བརྒྱ་ཆ་༢༠ དང་ ཅ་དམ་ཁྲལ་བརྒྱ་ཆ་༣༠ བཀལ་ནི་ཨིན་པས།
ཁྲལ་གསར་བཀལ་དང་ ཡར་སེང་ དེ་ལས་ བསྐྱར་བཟོའི་གྲོས་འཆར་གྱི་ གནད་དོན་ཐོག་ལུ་ སྤྱི་ཟླ་༦ པའི་ཚེས་༢༥ དང་༢༦ ལུ་ རྒྱལ་ཡོངས་ཚོགས་འདུ་ནང་ ཉིནམ་༢ ཀྱི་རིང་ གྲོས་བསྡུར་མཐིལ་ཕྱིན་འབད་ནི་ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

No comments:

Post a Comment