གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་དབང་རྒྱལ་བཙུན་གྱི་འཁྲུངས་སྐར་དུས་ཆེན་བརྩི་སྲུང་།

༉ ཁ་ཙ་ གླིང་ཀ་ན་ཕོ་བྲང་ནང་ མི་དབང་རྒྱལ་བཙུན་ རྗེ་བཙུན་པདྨ་དབང་ཕྱུག་མཆོག་གི་ འཁྲུངས་སྐར་དུས་ཆེན་མདོར་བསྡུས་ཅིག་ བརྩི་སྲུང་ཞུ་བའི་སྐབས་ དྲག་པོའི་དམག་སྡེའི་ གཙོ་འཛིན་གྱི་ འགོ་ཁྲིད་ཐོག་ སྐུ་སྲུང་དམག་སྡེའི་ བཀོད་དཔོན་དང་ འབྲུག་གི་ཁྲིམས་སྲུང་དམག་སྡེའི་ གཙོ་འཛིན་༣ གྱིས་ དྲག་ཁག་གསུམ་གྱི་ དམག་སྡེ་ཚུ་གི་ ཁ་ཐུག་ལས་ མི་དབང་རྒྱལ་བཙུན་མཆོག་ལུ་ བཀྲིས་ལེགས་སྨོན་ཞུ་ཡི།
མི་དབང་རྒྱལ་བཙུན་མཆོག་གིས་ གླ་འཁོར་གྱི་ དེད་གཡོགཔ་ཚུ་དང་གཅིག་ཁར་ མཇལ་ཕྲད་གནང་པའི་བསྒང་།


དུས་ཆེན་བརྩི་སྲུང་སྐབས་ལུ་ མི་དབང་རྒྱལ་བཙུན་མཆོག་ལུ་ བཀྲིས་ལེགས་སྨོན་ཞུ་ནིའི་དོན་ལུ་ རྒྱལ་པོའི་ཡིག་ཚང་གི་ ལས་བྱེདཔ་ཚུ་དང་ གླ་འཁོར་མཐུན་ཚོགས་ཀྱི་ ཡིག་ཚང་ལས་བྱེདཔ་ཚུ་གིས་ འགོ་ཁྲིད་འབད་དེ་ གླ་འཁོར་དེད་གཡོགཔ་ལེ་ཤ་ཅིག་ འཛོམས་ཡོདཔ་ཨིན་པས།
གླ་འཁོར་དེད་གཡོགཔ་༤༠ དེ་ཅིག་གིས་ རྒྱལ་བཙུན་མཆོག་ལུ་ བཀྲིས་ཁ་དར་ཕུལ་ཡོདཔ་ད་ གླ་འཁོར་མཐུན་ཚོགས་ཀྱིས་འབད་བ་ཅིན་ མི་དབང་རྒྱལ་བཙུན་མཆོག་ལུ་ བཀྲིས་ལེགས་སྨོན་ཞུ་ནི་གི་ གོ་སྐབས་གནངམ་ལས་ མཐུན་ཚོགས་ཀྱི་ འཐུས་མི་ཚུ་ ཁ་རྗེ་བཟང་བ་གིས་མ་ཚད་ སེམས་ལུ་སྤྲོ་བ་ཚད་མེད་བྱུང་ཡི་ཟེར་ཨིན་པས།
འཐུས་མི་ཚུ་གིས་ མི་དབང་རྒྱལ་བཙུན་མཆོག་ སྐུ་ཚེ་ཞབས་པད་བརྟན་ཅིང་ ཐུགས་སྤྲོའི་ངང་ལུ་ བཞུགས་ནི་གི་ སྨོན་འདུན་ཞུ་ཡོདཔ་ཨིན་པས།
མི་དབང་རྒྱལ་བཙུན་མཆོག་གིས་ བཀྲིས་ལེགས་སྨོན་ཕུལ་བར་ འོང་མི་ཚུ་དང་ མཇལ་ཕྲད་ཐོག་ གསོལ་ཇ་གནང་ཡོད་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment