གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ནང་འཁོད་གནམ་ཐང་ ཉམས་སྐྱོན་ཞུགས་ཡོདཔ།

༡༩/༠༦/༢༠༡༢  ༉ བུམ་ཐང་བོད་པ་རླག་ཐང་དང་ ཡོན་ཕུ་ལ་ ནང་འཁོད་གནམ་ཐང་གཉིས་ཆ་ར་ནང་ ཞིབ་དཔྱད་འབད་མི་སྡེ་ཚན་ཚུ་གིས་ ཞིབ་དཔྱད་འབདཝ་ད་ རྡོ་རུ་ཚུ་ཐོན་འགྱོ་དོ་ཡོད་པའི་ཁར་ སེར་ག་ཚུ་ཡང་ ཐོན་ཡོད་པའི་ངོས་འཛིན་བྱུང་ཡོདཔ་ཨིན་པས།


ད་ལྟོའི་གནམ་ཐང་གནས་སྟངས་དེ་གིས་ ནང་འཁོད་གནམ་གྲུའི་ཞབས་ཏོག་ཚུ་ གནས་སྐབས་བཀག་ཆ་འབད་མ་དགོ་རུང་ ཞིབ་དཔྱད་འབད་མི་སྡེ་ཚན་གྱིས་ གནམ་ཐང་ཚུ་ གནམ་འབྱ་གི་དུས་ཚོད་རྫོགས་ཞིནམ་ལས་ ལག་ལེན་འཐབ་མི་ཚུགས་ནི་བཟུམ་ཡོདཔ་ལས་  འཕྲལ་མགྱོགས་ར་ ཉམས་བཅོས་འབད་དགོཔ་འབྱུང་ནི་མས་ཟེར་ཨིན་པས།
འབྲུག་མཁའ་འགྲུལ་ལས་འཛིན་གྱིས་ གནམ་ཐང་གཉིས་ནང་ དུས་རྒྱུན་གྱི་ཞིབ་དཔྱད་འབད་དགོ་པའི་ཁར་ དམིགས་བསལ་གྱི་ གནམ་གྲུ་འཕུར་འགྲུལ་འབད་བའི་སྐབས་ གནམ་ཐང་ནང་ རྡོ་རུ་མཐོང་པ་ཅིན་ འཐུ་བཀོག་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།
སེར་ག་དེ་ཡང་ མི་ཊར་༡༣༠༠ འབད་མི་ ཡོན་ཕུ་ལ་གི་གནམ་ཐང་ལས་ མི་ཊར་༦༠༠ ནང་ རྡོ་རུ་ཚུ་ཐོན་ཡོད་རུང་ མ་དངུལ་མེད་པའི་དཀའ་ངལ་ལུ་བརྟེན་ འབད་མ་ཚུགས་པར་ལུས་ཡོད་ཟེར་ སངས་རྒྱས་དབང་འདུས་ཀྱིས་བཤད་ཡོདཔ་བཞིན་དུ་ མི་ཊར་༦༠༠ དེ་ གནམ་གྲུ་འཕུར་འགྲུལ་འབད་བའི་སྐབས་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།
སངས་རྒྱས་དབང་འདུས་ཀྱིས་ བཤད་དོ་བཟུམ་འབད་བ་ཅིན་ གནམ་གྲུ་ཚུ་འཕུར་འགྲུལ་འབད་བའི་སྐབས་ གནམ་ཐང་ཚུ་ག་ར་ལག་ལེན་འཐབ་དོ་ཡོདཔ་ལས་ རྡོ་རུ་ཚུ་འཕྲུལ་ཆས་ནང་འཛུལ་ཏེ་ འཕྲུལ་ཆས་མེདཔ་ཐལ་ནི་གི་ཉེན་ཁ་འདུག་ཟེར་ཨིན་པས།
བརྡ་དོན་དང་ བརྒྱུད་འབྲེལ་ལྷན་ཁག་གིས་ མཁའ་འགྲུལ་ལས་འཛིན་ལུ་ དབྱིན་ཟླ་༧ པའི་ནང་ ཉམས་བཅོས་འབད་ཚར་དགོཔ་སྦེ་ཡོདཔ་ལས་ ལས་འཛིན་གྱིས་ ལཱ་འབད་ནི་གི་དོན་ལུ་ མ་དངུལ་འཚོལ་བའི་བསྒང་ཡོདཔ་ད་ ཉམས་བཅོས་ལཱ་གི་དོན་ལུ་ མ་དངུལ་བསྡོམས་ཀྱིས་ དངུལ་ཀྲམ་ས་ཡ་༢ དང་༤ གི་བར་ན་ གནས་ནི་ཨིནམ་ད་ ལྷག་ལུས་མི་ཊར་༧༠༠ ཉམས་བཅོས་འབད་ནི་གི་དོན་ལུ་ དངུལ་ཀྲམ་ས་ཡ་༦.༥ དེ་ཅིག་གནས་ནི་ཨིན་པས།
སངས་རྒྱས་དབང་འདུས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཡོན་ཕུ་ལ་གནམ་ཐང་དེ་ སྤྱི་ལོ་༡༩༥༠ ནང་ བཟོ་སྐྲུན་འབདབའི་ཤུལ་ལས་ ཉམས་བཅོས་སྦོམ་འབད་འབདཝ་མེདཔ་ལས་ ལོག་སྟེ་ཉམས་བཅོས་འབད་དགོ་ནི་ཨིནམ་ལས་ དེ་ལུ་ ཟད་འགྲཅ་དངུལ་ཀྲམ་ས་ཡ་༢༦ དེ་ཅིག་གནས་ནི་མས་ཟེར་ཨིན་པས།
ཞིབ་དཔྱད་འབད་མི་སྡེ་ཚན་གྱིས་ བོད་པ་རླག་ཐང་གི་གནམ་ཐང་ མི་ཊར་༡༢༠༠ དེ་ལུ་ ད་རུང་ རྩིས་གནག་ཁ་གསོ་གཏང་དགོཔ་འདུག་ཟེར་ཨིནམ་ད་ གནམ་ཐང་དེ་བཟོ་སྐྲུན་འབད་དེ་ ན་ཧིང་གི་ལོ་ནང་ལས་ཚུར་རྐྱངམ་གཅིག་ལག་ལེན་འཐབ་རུང་ ད་ལྟོ་ལས་ རྡོ་རུ་ཐོན་འགྱོ་ནི་འགོ་བཙུགས་ནུག་ཟེར་ཨིན་པས།
སངས་རྒྱས་དབང་འདུས་ཀྱིས་ བོད་པ་རླག་ཐང་གི་ གནམ་ཐང་གནས་སྟངས་དེ་ སྐྱོ་དྲག་ར་མེད་དེ་འབད་རུང་ གནམ་འབྱ་ཆརཔ་དང་ གནམ་གྲུ་འཕུར་འགྲུལ་འབད་མི་གིས་ ཧེང་སྐལ་ར་ གནས་སྟངས་དེ་ སྐྱོ་དྲག་བཟོ་ནི་ཨིནམ་ལས་ ད་ལྟོ་ལས་ ཐབས་ལམ་སྟོན་དགོཔ་འདུག་ཟེར་ཨིན་པས།
སངས་རྒྱས་དབང་འདུས་ཀྱིས་ གནམ་ཐང་གཉིས་བཟུམ་སྦེ་ དགེ་ལེགས་ཕུག་གི་གནམ་ཐང་དེ་ཡང་ དེ་བཟུམ་མི་འབྱུང་ནིའི་དོན་ལུ་ བཀག་ཐབས་ཀྱི་ཐབས་ཤེས་ཚུ་ག་ཅི་ར་ཡོད་ག་ཟེར་ དྲི་བའི་ལན་ལུ་ ཁོ་གིས་ དགེ་ལེགས་ཕུག་གི་གནམ་ཐང་དེ་ གནམ་གྲུ་སྦོམ་ཚུ་ཡང་ཆགས་དགོཔ་ལས་ སོ་སོ་སྦེ་ར་ བཟོ་བཀོད་འབད་དེ་ཡོད་ཟེར་ཨིན་པས།
དགེ་ལེགས་ཕུ་གི་གནམ་ཐང་དེ་ དབྱིན་ཟླ་༥ པའི་ནང་ འགོ་འབྱེད་འབད་ནི་ཨིན་རུང་ གནམ་གཤིས་གནས་སྟངས་དང་ རྒྱ་གར་གྱི་རུ་པི་ མ་ལང་པའི་དཀའ་ངལ་ལུ་བརྟེན་ ཕྱིར་འགྱངས་སྦེ་ལུས་ཡོད་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment