གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འཛུལ་ཞུགས་གྲ་སྒྲིག་གི་ གོམས་འདྲིས་སློབ་སྦྱོང་ མཇུག་བསྡུ་ཡོདཔ།

ཤེས་རིག་བློན་པོ་ ཐྲ་ཀུར་སིང་པའུ་ཌེལ་གྱིས་ སློབ་གཉེར་གྲོགས་རམ་སྐོར་ལས་ སློབ་ཕྲུག་ཚུ་ལུ་ བཀའ་སློབ་གནང་པའི་བསྒང་།
༉ སྤྱི་ཟླ་༦ པའི་ཚེས་༦ ལས་༧ ཚུན་ ཉིནམ་༢ ཀྱི་རིང་ ཐིམ་ཕུ་ དབྱངས་ཅན་ཕུ་ འབྲིང་རིམ་སློབ་གྲྭ་གོང་མའི་ སྤྱི་དོན་ཁང་ནང་སྦེ་ སྤྱི་ལོ་༢༠༡༢ ལོའི་ སློབ་གཉེར་གྲོགས་རམ་ཐོག་ལས་ ཕྱི་རྒྱལ་ཁབ་ཚུ་ནང་ གཙུག་ལག་གཞི་རིམ་གྱི་ ཤེས་ཡོན་སྦྱང་པར་འགྱོ་མི་ སློབ་ཕྲུག་ཚུ་གི་དོན་ལུ་ དམིགས་གཏད་དང་འཁྲིལ་སྡོད་དགོ་ཟེར་བའི་བརྗོད་དོན་ཐོག་ འགོ་འདྲེན་འཐབ་མི་ གོམས་འདྲིས་སློབ་སྦྱོང་ལས་རིམ་ནང་ ན་གཞོན་སློབ་ཕྲུག་ཚུ་ལུ་ ཕྱི་རྒྱལ་ལུ་འགྱོ་ནིའི་དོན་ལུ་ གྲ་སྒྲིག་འབད་ཐངས་ཀྱི་སྐོར་ལས་ སློབ་སྟོན་ཚུ་འབད་ཡོདཔ་ཨིན་པས།


ཤེས་རིག་ལྷན་ཁག་ སློབ་གཉེར་གྲོགས་རམ་དང་ སློབ་ཕྲུག་རྒྱབ་སྐྱོར་སྡེ་ཚན་གྱིས་ འགོ་འདྲེན་འཐབ་མི་ ཉིནམ་༢ ཀྱི་ གོམས་འདྲིས་ལས་རིམ་ནང་ རྒྱལ་ཁབ་ནང་ལས་ སློབ་རིམ་༡༢ པ་མཐར་འཁྱོལ་མི་ཚུ་དང་ ནང་པའི་ཆོས་སྡེ་ཚུ་ནང་ལས་ སཾ་ཀྲིཊ་ལྷབ་པར་འགྱོ་མི་ དགེ་སློང་༧ རྩིས་པའི་ སློབ་ཕྲུག་༢༢༨ ཀྱིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།
གོམས་འདྲིས་ལས་རིམ་ནང་ སློབ་ཕྲུག་ཚུ་ལུ་ འབྲེལ་ཡོད་ལས་ཁུངས་དང་ ལས་སྡེའི་འགོ་དཔོན་ཚུ་གིས་ སློབ་དུས་ལུ་ ན་གཞོན་ཚུ་གིས་མནོ་བསམ་གཏང་ཐངས་དང་ སྤྱོད་ལམ་ ཞི་གཡོག་ཆོས་རྒྱུགས་ཀྱི་འཛུལ་ཞུགས་ཁྱད་ཚད་དགོས་མཁོ་དང་ ལམ་ལུགས་ཀྱི་སྐོར་ལས་ གོ་བ་བརྡ་སྤྲོད་འབད་ཡོདཔ་ཨིན་པས།
གོམས་འདྲིས་ལས་རིམ་ མཇུག་བསྡུའི་རྟེན་འབྲེལ་ནང་ ཤེས་རིག་བློན་པོ་ ཐྲ་ཀུ་སིང་ པའུ་ཌེལ་གིས་ སློབ་ཕྲུག་ཚུ་ལུ་ བཀའ་སློབ་བཟང་པོ་ མང་རབས་ཅིག་གནང་མིའི་ནང་ སློབ་གཉེར་གྲོགས་རམ་ཐོབ་མི་ སློབ་ཕྲུག་མང་ཤོས་ཅིག་གིས་ ད་ལྟོ་ འབྲུག་པའི་ས་མཚམས་བརྒལ་མ་འགྱོ་མི་ཡོདཔ་ལས་ ཕྱི་རྒྱལ་ཁབ་ཚུ་ནང་ལྷོདཔ་ད་ གཟུགས་ཁམས་དང་མཐའ་འཁོར་གནས་སྟངས་ དེ་ལས་སེམས་ཁམས་དང་འབྲེལ་བའི་ གདོང་ལེན་འབད་དགོཔ་ལེ་ཤ་ཡོདཔ་ལས་ ད་ལྟོ་ལས་ གྲ་སྒྲིག་འབད་དགོ་ཟེར་ཨིན་པས།
ཤེས་རིག་བློན་པོ་གིས་ བཤད་མིའི་ནང་ སློབ་ཕྲུག་ལ་ལུ་ཅིག་གིས་ རང་ལུ་ལྕོགས་གྲུབ་སྦོམ་ཡོད་རུང་ ཁྲོམ་གྱི་གནས་སྟངས་ནང་ཤུགས་ཐལ་ཏེ་ འཛོལ་བའི་ལཱ་འབད་ནིའི་ཉེན་ཁ་ཡོདཔ་ལས་ རང་གིས་རང་ལུ་ཤ་ཚ་དགོཔ་དེ་ག་ནི་བ་གལ་ཆེ་ཟེར་གསུངས་ཡི།
དུས་ཅི་ལས་ གཞུང་གིས་ སློབ་ཕྲུག་ཚུ་ལུ་ ཧེ་མ་མེད་པའི་ དམིགས་བསལ་ཤེས་ཡོན་དང་ རྒྱལ་སྤྱི་མཐུན་འབྲེལ་ བཟོ་སྐྲུན་འཛིན་སྐྱོང་བཟོ་རིག་ རྒྱང་འཕྲིན་བཟོ་རིག་གི་ཆོས་ཚན་ཁག་དག་པ་ཅིག་ནང་ གཙུག་ལག་ཤེས་ཡོན་གསརཔ་ཚུ་ཡོདཔ་ཨིན་པས།
ཆོས་ཚན་ཁག་སོ་སོ་ནང་ ཤེས་ཡོན་སྦྱང་པར་འགྱོ་ནི་ལུ་ དང་འདོད་ཅན་གྱི་སློབ་ཕྲུག་ཚུ་གིས་ དུས་ཅི་ སྤྱི་ཟླ་༦ པ་ ༧ པ་ ༨ པ་དང་༩ པ་ལུ་ མཐོ་རིམ་སློབ་གྲྭ་དང་ གཙུག་ལག་སློབ་གྲྭ་ཚུ་ནང་ རང་སོའི་སློབ་དུས་ཚུ་དང་འཁྲིལ་ འཛུལ་ཞུགས་འབད་ནི་ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

No comments:

Post a Comment