གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གདུང་བསམ་རྩི་ས་ལས་འགུལ་གྱི་ ལཱ་མཇུག་བསྡུའི་ དུས་ཚོད་ ཐེངས་༣ པ་འབྱིད་ཡོད།

གདུང་བསམ་རྩི་ས་ལས་འགུལ་གྱི་ བཟོ་གྲྭ་འཕྲུལ་ཁང་
༉ རྒྱལ་ཁབ་ནང་ རྩི་སའི་ལས་འགུལ་སྦོམ་ཤོས་ཅིག་ཨིན་མི་ གདུང་བསམ་རྩི་ས་ལས་འགུལ་གྱི་ལཱ་ མཇུག་བསྡུའི་དུས་ཚོད་ ཐེངས་༣ པ་དེ་ཡང་ འབྱིད་སོཔ་ལས་ སྤྱི་ཟླ་༧ པའི་ནང་ ལས་འགུལ་གྱི་ལཱ་ མཇུག་བསྡུ་ཚུགས་པའི་རེ་བ་ བསྐྱེད་དོ་ཡོདཔ་ཨིན་པས།

མཇུག་བསྡུ་དུས་ཚོད་ འགོ་དང་པ་དེ་ སྤྱི་ལོ་༢༠༡༡ ཟླ་༡༢ པའི་ནང་ཨིན་རུང་ རྒྱལ་ཁབ་ནང་ ཏམ་ཁུ་སྤྱོད་ནི་དང་ བཙོང་ནི་ཚུ་མ་ཆོགཔ་སྦེ་ བཀག་དམ་འབད་བའི་ཤུལ་ལུ་ བཟོ་སྐྲུན་ནང་ ལཱ་འབད་མིའི་ལས་མི་ཚུ་གིས་ སྡོད་མ་བཏུབ་པར་ ལོག་ཡར་སོཔ་ཨིན་པས།
དེ་གི་ཤུལ་ལས་ སྤྱི་ལོ་༢༠༡༢ ཟླ་༣ པའི་ནང་ ལཱ་མཇུག་བསྡུ་ནི་སྦེ་ བཞག་ཡོདཔ་ཨིན་རུང་ སྒྲིང་ཁྱིམ་ མཐོ་ཚད་ མཐོ་དྲག་ནི་དང་ ལཱ་འབད་མིའི་ ལས་མི་ཚད་ཅིག་ལས་བརྒལ་མེད་མི་ལུ་བརྟེན་ དུས་ཚོད་ཁར་ མཇུག་བསྡུ་མ་ཚུགསཔ་ཨིན་པས།
གདུང་བསམ་རྩི་ས་གི་ འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ལས་མི་མ་ཐོབ་པའི་དཀའ་ངལ་ཚུ་ ཐོན་ཏེ་ར་སྡོད་པ་ཅིན་ ད་རུང་ སྤྱི་ཟླ་༧ པའི་ནང་ཡང་ མཇུག་བསྡུ་ཚུགས་པ་ ལཱ་ཁག་རྐྱབ་ནི་མས་ཟེར་ཨིན་པས།
ཟླཝ་དག་པ་ཅིག་གི་ཧེ་མར་ གདུང་བསམ་རྩི་ས་ནང་ ལཱ་འབད་མི་ ལས་བྱེདཔ་༡༨༠༠ དེ་ཅིག་ལས་མེད་ཟེར་ འཛིན་སྐྱོང་མདོ་ཆེན་ རྡོ་རྗེ་ནོར་བུ་གིས་བཤད་པའི་ཁར་ ས་ཁོངས་ནང་ རིག་རྩལ་ཡོད་མིའི་ལས་བྱེདཔ་ཚུ་གིས་ ལཱ་ཚུ་ ལེགས་ཤོམ་སྦེ་འབད་དོ་ཡོདཔ་ཨིན་རུང་ དེ་གིས་ ལང་མི་ཚུགས་པས་ཟེར་ཨིན་པས།
ད་ལྟོ་ལག་ལེན་འཐབ་བཞིན་དུ་ཡོད་པའི་ འཕྲུལ་ཆས་ཚུ་གིས་ ལཱ་ལེགས་ཤོམ་སྦེ་ར་ འབད་བ་ཅིན་ ཟླཝ་༢ དེ་ཅིག་ནང་ ལས་འགུལ་གྱི་ལཱ་མཇུག་བསྡུ་སྟེ་ རྩི་སའི་ཐོན་སྐྱེད་ཀྱི་ ལཱ་འབད་ཚུགསཔ་འོང་ཟེར་ འཛིན་སྐྱོང་མདོ་ཆེན་གྱིས་བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ལཱ་དུས་ཚོད་ཁར་མཇུག་བསྡུ་མ་ཚུགས་མི་དེ་ རྒྱ་གར་གྱི་མངའ་སྡེ་ ཨ་སཱམ་ལུ་ ངོ་རྒོལ་འགྲེམ་སྟོན་འབད་ནི་དེ་གིས་ཡང་ ལྷན་ཐབས་འབདཝ་མས་ཟེར་ཨིན་པས།
རྒྱ་གར་ལུ་ ངོ་རྒོལ་འགྲེམ་སྟོན་ཐོན་པའི་སྐབས་ལུ་ བཟོ་སྐྲུན་ནང་ དགོ་པའི་ཅ་ཆས་ཚུ་ སྐྱེལ་འདྲེན་འབད་ནི་ལུ་ དུས་ཚོད་ ཐེབས་འགོརཝ་མས་ཟེར་ཨིན་པས།
ལཱ་གི་གནས་སྟངས་ ཧ་གོ་མ་ཚུགས་མི་ལུ་བརྟེན་ དུས་ཚོད་གཏན་འཁེལ་གྱི་ ཤེས་རྟོགས་མེདཔ་ཨིན་རུང་ ད་ལྟོ་ལས་འགུལ་གྱི་ལཱ་ བརྒྱ་ཆ་༩༡ དེ་ཅིག་ མཇུག་བསྡུ་ཡོདཔ་བཞིན་དུ་ རྩི་སའི་ཐོན་སྐྱེད་དེ་ སྤྱི་ལོ་༢༠༡༢ སྤྱི་ཟླ་༡༠ པའི་ནང་ལས་ བཏོན་ཚུགས་པའི་རེ་བ་ཡོདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment