གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རང་ལུགས་ཀྱི་ཁྱིམ་ཅིག་ མེ་གིས་འཚིགས་ཡོདཔ།

༉ སྤྱི་ཟླ་༥ པའི་ཚེས་༣༠ ལུ་ ནུབ་མོའི་ཆུ་ཚོད་ཕྱེད་དང་༡༢ དེ་ཅིག་ཁར་ ལྷུན་རྩེ་ཨའུ་འཚོ་འབྲིང་རིམ་སློབ་གྲྭ་བར་མའི་ ཉེ་འདབས་ལུ་ ཐོག་ཚད་༢ འབད་མི་ རང་ལུགས་ཀྱི་ཁྱིམ་ཅིག་ རྩ་བ་ལས་ར་ མེ་གིས་འཚིགས་སོ་མི་ལུ་བརྟེན་ ཁྱིམ་དེ་ནང་ ཁང་གླར་སྡོད་མི་ བཟའ་ཚང་༣ དང་ ཁྱིམ་གྱི་ཇོ་བདག་གི་ ཅ་ཆས་ཚུ་ ཆ་མཉམ་ར་ ཐལ་བར་བརླགས་བཏང་ཡོདཔ་ཨིན་པས།



རྐྱེན་ངན་བྱུང་བའི་སྐབས་ལུ་ ཁྱིམ་ནང་སྡོད་མི་ཚུ་ག་ར་ གཉིད་ཐལ་ཡོདཔ་ཨིན་རུང་ འཕྲོད་བསྟེན་ལེགས་ཤོམ་མེད་མི་ ཁྱིམ་གྱི་ཇོ་བདག་གི་ གནས་ཚང་དེ་ ནུབ་མོའི་ཆུ་ཚོད་༡༡ དང་ སྐར་མ་༣༠ དེ་ཅིག་ཁར་ ཁ་སྐོམ་པའི་ཤུགས་ཀྱིས་ གཉིད་ཚོརཝ་ད་ ཁྱིམ་མེ་གིས་འཚིགས་པའི་ སྐད་གོ་མི་ལུ་བརྟེན་ དེ་འཕྲོ་ལས་ མོ་རའི་ རྨགཔ་ལྷོང་སྟེ་ ཕྱི་ཁར་ཐོན་ལྟཝ་ད་ སྟེང་ཐོག་ལས་ མེ་འབར་ས་མཐོང་ཡི་ཟེར་ མོ་གིས་ སླབ་ཨིན་པས།
ཁྱིམ་ཇོ་བདག་གིས་ཚ་བོ་ རྒྱ་མཚོ་གིས་ ཀུན་གསལ་ལུ་ སླབ་མིའི་ནང་ ཁོ་ར་ ལྷུན་རྩེ་རྫོང་ཁག་གི་ ཉེ་འདབས་ལུ་ སྡོད་དོ་ཡོདཔ་ལས་ རྐྱེན་ངན་གྱི་སྐོར་ལས་ ཁོ་ལུ་ འགྲུལ་འཕྲིན་ལྷོདཔ་ཅིག་ ལྟ་བར་སོང་ཡོད་རུང་ ས་གོ་ནང་ལྷོདཔ་ད་ ཁྱིམ་དེ་ རྩ་བ་ལས་ར་ འཚིགས་མི་ལུ་བརྟེན་ འབད་ཐབས་ཅིག་ ག་ནི་ཡང་ མ་བྱུང་ཟེར་ཨིན་པས།
ལྷུན་རྩེ་རྫོང་བདག་དང་ ཁྲིམས་སྲུང་འགག་པའི་ འགོ་དཔོན་ཚུ་ཡང་ དེ་ཚེ་ནུབ་མོ་ར་ མེ་རྐྱེན་བྱུང་སའི་ ས་ཁོངས་ནང་ ལྟ་བར་སོང་ཡོདཔ་ཨིན་པས།
ཁ་ཙ་ རྒྱལ་པོའི་ཡིག་ཚང་གི་ཁ་ཐུག་ལས་སྦེ་ ཉམས་རྒུད་བྱུང་མི་ཚུ་ལུ་ ལྷུན་རྩེ་རྫོང་བདག་ ཚེ་རིང་སྐལ་བཟང་གིས་ ཁྱིམ་གྱི་ཇོ་བདག་ལུ་ སེམས་གསོ་དངུལ་ཀྲམ་༡༠,༠༠༠ དང་ ཁང་གླ་ཁར་སྡོད་མི་ རྩ་བོ་༣ ལུ་ དངུལ་ཀྲམ་༡༥,༠༠༠ གནང་ཡོདཔ་ཨིན་པས།
རྐྱེན་ངན་གྱི་སྐབས་ལུ་ མི་དང་ སེམས་ཅན་ཚུ་ལུ་ གནོད་སྐྱོན་ག་ནི་ཡང་ མ་བྱུང་པར་ ཁ་རྗེ་བཟང་ཡོདཔ་ཨིན་པས།
ཁང་གླར་སྡོད་མི་༣ ཆ་ར་ ཨའུ་མཚོ་འབྲིང་རིམ་སློབ་གྲྭ་བར་མའི་ ལས་བྱེདཔ་ཚུ་ཨིནམ་ད་ ད་རེས་ གནས་སྐབས་ཅིག་གི་དོན་ལུ་ ཁོང་ཆ་ཁྱབ་ སློབ་གྲྭ་ནང་ སྡོད་དོ་ཡོདཔ་ཨིན་རུང་ ཁྱིམ་གྱི་ཇོ་བདག་དེ་ ཁོ་རའི་ སྤུན་ཆ་དང་གཅིག་ཁར་ སྡོད་དོ་ཡོད་པའི་གནས་ཚུལ།

ལྷུན་རྩེ་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment