གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དེད་གཡོགཔ་ཅིག་ ཁ་འཐུམ་མར་བསད་ཡོདཔ།

༉ སྤྱི་ཟླ་༦ པའི་ཚེས་༩ གི་ ཉིན་མའི་ཆུ་ཚོད་༤ དང་སྐར་མ་༣༠ དེ་ཅིག་ལུ་ མོང་སྒར་དགྲ་མེད་རྩེ་ ཝའི་ཆུ་ལུ་ སྣུམ་འཁོར་ཌི་སི་ཨེམ་ཅིག་ ལམ་འོག་ལས་མར་ རྦོབ་རིལ་མི་ལུ་བརྟེན་ སྐྱེས་ལོ་༢༤ ལང་མི་ དེད་གཡོགཔ་དེ་ ས་གོ་ནང་ར་ ཁ་འཐུམ་མར་ བསད་ཡོདཔ་ཨིན་པས།


རྐྱེན་ངན་དེ་ཡང་ མོང་སྒར་དང་ བཀྲིས་སྒང་གི་གཞུང་ལམ་ལས་ ཁ་ཡར་བལྟ་སྟེ་ དགྲ་མེད་རྩེ་ལུ་ འགྱོ་སའི་ལམ་ཁར་ ཀི་ལོ་མི་ཊར་༥ དེ་ཅིག་ལུ་ལྷོདཔ་ད་ བྱུང་ཡོདཔ་ད་ སྣུམ་འཁོར་དེ་ ལམ་འོག་ལས་མར་ མི་ཊར་༣༥ དེ་ཅིག་ རྦོབ་རིལ་ཡོདཔ་ཨིན་པས།
སྣུམ་འཁོར་ཌི་སི་ཨེམ་དེ་ སྟོངམ་སྦེ་ ཁ་གླིང་ལས་ དགྲ་མེད་རྩེ་ལུ་ འགྱོ་བའི་བསྒང་ཨིནམ་ད་ སྣུམ་འཁོར་ནང་ དེད་གཡོགཔ་དང་ སྣུམ་འཁོར་གྱི་ཇོ་བདག་ དེ་ལས་ ཕོ་སྐྱེས་༡ རྩིས་ཏེ་ འགྲུལ་པ་༣ ཡོདཔ་ཨིན་པས།
ཕོ་སྐྱེས་༢ པོ་དེ་ བཀྲིས་སྒང་སྨན་ཁང་ནང་ བསྐྱལ་ཡོདཔ་ད་ ཤི་རྐྱེན་བྱུང་མི་ དེད་གཡོགཔ་དེ་ མོང་སྒར་ཆ་གླིང་ལས་ཨིན་པས།
བྱུང་རྐྱེན་གྱི་སྐོར་ལས་ མོང་སྒར་ཁྲིམས་སྲུང་འགག་པ་ལུ་ དེ་ཚེ་ཕྱི་རུའི་ཆུ་ཚོད་༥.༡༥ དེ་ཅིག་ལུ་ སྙན་ཞུ་ལྷོད་ཡོད་པའི་གནས་ཚུལ།

བདེ་ཆེན་ཚེ་རིང་།

No comments:

Post a Comment