གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཕོ་སྐྱེས་ཅིག་ལུ་ བཙོན་ཁྲིམས་ལོ་༩ བཀལ་ཡོདཔ།

  ༉ བསམ་རྩེ་ལ་མི་ཐང་གཡུས་ཚན་ལས་ སྐྱེས་ལོ་༥༧ ལང་མི་ ཅན་ད་ར་བྷ་དུར་ག་ལེ་གིས་ སྐྱེས་ལོ་༣༤ ལང་མི་ གླེན་མགོམོ་ཇ་ནུ་ཀི་ ག་ལེ་ལུ་ དབང་བཙོང་ལུས་འབྲེལ་འབད་མི་ལུ་བརྟེན་ བསམ་རྩེ་རྫོང་ཁག་ཁྲིམས་འདུན་གྱིས་ སྤྱི་ཟླ་༥ པའི་ཚེས་༢༩ ལུ་ བཙོན་ཁྲིམས་ལོ་༩ དང་ ཟླཝ་༢ བཀལ་ཡོདཔ་ཨིན་པས།


རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལས་ ངོ་ཚབ་ཀྱིས་ ཁྲིམས་འདུན་ལུ་ ཞུ་མིའི་ནང་ སྤྱི་ལོ་༢༠༡༡ ཟླ་༩ པའི་ཚེས་༤ ལུ་ ཉིན་མའི་ཆུ་ཚོད་༡ དང་སྐར་མ་༣༠ དེ་ཅིག་ཁར་ ཅན་ད་ར་བྷ་དུར་ག་ལེ་གིས་ གླེན་མགོམོ་གི་ ཁྱིམ་ནང་སོང་ཞིནམ་ལས་ དབང་བཙོང་འདོད་སྤྱོད་འབད་ནུག་ཟེར་ཨིན་པས།
ཉེས་ཅན་གྱིས་འབད་བ་ཅིན་ གླེན་མགོམོ་ལུ་ དབང་བཙོང་ཐོག་ལས་ ལུས་འབྲེལ་འབད་མི་དེ་ ངེས་བདེན་ཨིན་རུང་ མོ་གི་ ཕོཝ་ནང་ཆགས་མི་ ཨ་ལུ་དེ་ ཁོ་གི་མེན་ཟེར་ ཁུངས་བཀལ་མི་དེ་ཡང་ ཁོ་གིས་ དེ་ཚེ་རྐྱངམ་གཅིག་མ་གཏོགས་ མོ་དང་གཅིག་ཁར་ ལུས་འབྲེལ་མ་འབད་ཟེར་ཨིན་པས།
དེ་མ་ཚད་ ལུས་འབྲེལ་འབད་བའི་སྐབས་ལུ་ ཕོཝ་ནང་ཨ་ལུ་ཆགས་ཏེ་ ཟླཝ་༤ དང་༥ དེ་ཅིག་ ལང་ནུག་ཟེར་ཨིན་པས།
གླེན་མགོམོ་གི་ཨ་པ་ ཧར་ཀ་ བྷ་དུར་ ག་ལེ་གིས་འབད་བ་ཅིན་ བུམོ་གི་ ཕོཝ་ནང་ཆགས་མི་ ཨ་ལུའི་ཨ་པ་དེ་ དབང་བཙོང་ལུས་འབྲེལ་འབད་མི་ ཕོ་སྐྱེས་དེ་ལུ་ར་ དོགས་པ་ཡོདཔ་ལས་ ཌི་ཨེན་ཨེ་བརྟག་དཔྱད་འབད་གནང་ཟེར་ ཁྲིམས་འདུན་ལུ་ཞུ་ནུག།
བསམ་རྩེ་རྫོང་ཁག་ཁྲིམས་འདུན་ལུ་ ཅན་ད་ར་ བྷ་དུར་ག་ལེ་གིས་ ཁ་བཟེད་མ་བཏུབ་ལས་བརྟེན་ སྤྱི་ལོ་༢༠༡༡ ཟླ་༡༡ པའི་ཚེས་༢༢ ལུ་ ཨ་ལུའི་ཁྲག་བཙག་ཞིནམ་ལས་ ཐིམ་ཕུ་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་བརྒྱུད་དེ་ ཤྲི་ལངྐ་ལུ་ བསྐྱལ་བཏང་བའི་ཤུལ་ལས་ སྤྱི་ལོ་༢༠༡༢ ཟླ་༢ པའི་ཚེས་༣ ལུ་ བརྟག་དཔྱད་གྲུབ་འབྲས་ལྷོད་པའི་སྐབས་ ཨ་ལུའི་ཨ་པ་དེ་ ཅན་ད་ར་ བྷ་དུར་ ག་ལེ་ཨིན་པའི་ སྒྲུབ་བྱེད་ཐོན་ཡོདཔ་ཨིན་པས།
དེ་འབདཝ་ལས་ རྩོད་ཟླ་ལུ་ དབྱེ་རིམ་༢ པའི་ཉེས་ཆེན་ ཕོག་ཡོདཔ་ཨིན་པས།
ཉེས་ཅན་དེ་གིས་ སྤྱི་ལོ་༡༩༩༡ ལུ་ ཁྲིམས་འགལ་ཐོག་ལས་ རྡོ་རྫས་འཆང་མི་ལུ་བརྟེན་ བཙོན་ནང་སྡོད་པའི་ཁར་ ཁྲིམས་འདུན་ལུ་ ཨ་ལུའི་ཨ་པ་ཨིན་པའི་ ཁ་བཟེད་མ་བཏུབ་མི་ལུ་བརྟེན་ བཙོན་ཁྲིམས་ཐེབས་ ཟླཝ་༢ བཀལ་ཡོད་པའི་གནས་ཚུལ།
བཀྲིས་ཕུན་ཚོགས། 

No comments:

Post a Comment