གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གནས་ཚང་དམར་བསད་འབད་མི་ལུ་ བཙོན་ཁྲིམས་ལོ་༩།

༉ བཀྲིས་གཡང་རྩེ་རམ་འཇར་རྒེད་འོག་ གཡུས་འུར་མཁར་ལས་ ཨཔ་ཀུན་བཟང་གིས་ ཁོ་རའི་གནས་ཚང་ དམར་བསད་འབད་མི་ལུ་བརྟེན་ བཀྲིས་གཡང་རྩེའི་ རྫོང་ཁག་ཁྲིམས་འདུན་གྱིས་ བཙོན་ཁྲིམས་ལོ་༩ བཀལ་ཡོདཔ་ཨིན་པས།


འཁྲུན་ཆོད་དང་འཁྲིལཝ་ད་ ཉེས་ཅན་དེ་ བར་མཚམས་ལས་ ཇོ་བདག་ཅིག་གི་ ཁྱིམ་རྐྱབ་སར་ བཟོ་ལཱ་འབད་བའི་ཤུལ་ལུ་ སྤྱི་ལོ་༢༠༡༢ ཟླ་༣ པའི་ཚེས་༩ ལུ་ ལོག་ཁྱིམ་ནང་འོང་ཞིནམ་ལས་ སྤྱི་ལོ་༢༠༡༢ ཟླ་༣ པའི་ཚེས་༡༠ གྱི་དྲོ་པ་ ཀུན་བཟང་ཁོ་ར་ དྲོ་པ་ཧ་སག་ལོང་སྟེ་ གཡུས་ཆང་སྐོལ་སྦེ་ འཐུང་ཚར་བའི་ཤུལ་ལུ་ གནས་ཚང་དང་གཅིག་ཁར་ ཁ་ཤགས་རྐྱབ་ནུག།
སྐྱེས་ལོ་༥༣ ལང་མི་ ཚེ་འདས་གནས་ཚང་དེ་ ཁྱིམ་གྱི་སྟེང་ཐོག་ལུ་ ལྕགས་ཐབ་བུ་ཁ་རི་ བཙུགས་ཡོད་པའི་ ཁང་མིག་ནང་ ཉལ་སྡོདཔ་ད་ ཀུན་བཟང་གིས་ བུ་ཁ་རི་ཤིང་འཐུ་སྟེ་ གནས་ཚང་གི་མགུ་ཏོ་དང་ ཟ་ལྟབ་གཡས་གཡོན་ ཨོལ་ལྐོག་ བྱང་ཁོག་ སྒལ་ཏོག་ ལགཔ་ དེ་ལས་ གཟུགས་ཀྱི་ཡན་ལག་གཞན་ཚུ་ལུ་ ག་ལྷོད་བླུགས་བྱིན་ནི་དེ་གིས་ བསད་ད་ནུག་ཟེར་ཨིན་པས།
ཉེས་ཅན་དེ་གིས་ ཁྲིམས་ཁང་ནང་ ངག་བརྗོད་བཀོད་མི་དང་འཁྲིལཝ་ད་ ཧེ་མ་ཚར་ཅིག་ བཟའ་ཚང་༢ འཐབ་འཛིང་འབད་དེ་ ཁྲིམས་ཁང་ནང་ལས་ ནང་འགྲིགས་འབད་དེ་ སོང་བའི་ཤུལ་ལུ་ འཐབ་འཛིང་འབད་ར་ མ་འབད་ཟེར་ཨིན་པས།
དེ་ཚེ་ རྐྱེན་ངན་བྱུང་བའི་སྐབས་ ཁོ་གིས་ དྲོ་པ་ཧ་སག་ལོང་སྟེ་ གཡུས་ཆང་སྐོལ་ཏེ་འཐུང་བའི་ཤུལ་ལུ་ ད་རུང་ ཚེ་འདས་དང་གཅིག་ཁར་ ཆང་འཐུང་ཡི་ཟེར་ཨིནམ་ད་ ཁོ་ བར་མཚམས་ལུ་ ལོག་ལཱ་འབད་བར་འགྱོ་བའི་བསྒང་ལས་ ཆང་གིས་འགྲངས་སོཔ་ལས་ གནས་ཚང་དང་ཁོ་ར་ གནད་དོན་ག་ཅི་ལུ་བརྟེན་ཏེ་ ཁ་ཤགས་རྐྱབ་ཅི་ག་ ཡང་དཔྱད་རིག་མིན་འདུག་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ལྕགས་ཐབ་བུ་ཁ་རིའི་ སྦོ་ལོགས་ཁར་ཡོད་པའི་ ཤིང་ཅིག་འཐུ་ཞིནམ་ལས་ གཟུགས་དང་ མགུ་ཏོ་གུ་ ཚར་༨ དང་༩ དེ་ཅིག་ བླུགས་བྱིན་མི་དེ་ ངེས་བདེན་ཨིན་ཟེར་ཨིན་པས།
ཁོ་ར་ བ་ཨོམ་བཞོ་བར་སོང་སྟེ་ ལོག་འོང་པའི་བསྒང་ལས་ གནས་ཚང་དེ་ བུང་ཆད་སོ་ནུག་ཟེར་ཨིན་པས།
ཉེས་ཅན་ཀུན་བཟང་ལུ་ དབྱེ་རིམ་༢ པའི་ཉེས་ཆེན་ བཙོན་ཁྲིམས་ལོ་༩ བཀལ་ཡོདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment