གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ན་གཞོན་ལཱ་གཡོག་མ་ཐོབ་པའི་དཀའ་ངལ་དེ་ ཚ་གྱང་ཅན་གྱི་གཞི་གནས།

༉ ལས་གཡོག་ལྷན་ཁག་གི་ དྲུང་ཆེན་པདྨ་དབང་དྲག་གིས་ འདས་པའི་བདུན་ཕྲག་ནང་ གནས་ཚུལ་གསར་འགོད་པ་ཚུ་ལུ་ གསལ་བཀོད་འབད་མི་དང་འཁྲིལཝ་ད་ ལཱ་གཡོག་མེད་པའི་ན་གཞོན་ བརྒྱ་ཆ་༩.༢ དེ་ཅིག་ཡོད་པའི་གནས་སྟངས་དེ་ ལྷན་ཁག་ལུ་ ཚ་གྱང་ཅན་ཅིག་ཨིན་ཟེར་ཨིན་པས།


སྤྱིར་བཏང་འབྲུག་གི་ ལཱ་གཡོག་མ་ཐོབ་མི་ བརྒྱ་ཆ་༣.༡ ཨིན་མི་དེ་ འཆར་གཞི་༡༠ པ་མཇུག་མཚམས་ལུ་ བརྒྱ་ཆ་༢.༥ ལུ་ མར་ཕབ་རྐྱབ་ནི་གི་དམིགས་ཡུལ་ཨིནམ་ད་ ལཱ་གཡོག་མ་ཐོབ་མིའི་གྲས་ལས་ མང་ཤོས་བུམོ་ཚུ་འདུག་ཟེར་བཤདཔ་ཨིན་པས།
དེ་ཡང་ ན་གཞོན་ཡོངས་བསྡོམས་༤༨༠༠ དེ་ཅིག་ ལཱ་གཡོག་མ་ཐོབ་པར་ཡོད་པའི་ གནས་ཐོ་ལས་༣༣༠༠ བུམོ་ཚུ་འདུག་ཟེར་ཨིནམ་ད་ འབྲུག་གི་གནས་སྟངས་ནང་ ལཱ་གཡོག་གི་དཀའ་ངལ་དེ་ གཙོ་བོ་ར་ གཡོག་གི་མཁོ་འདོད་དང་འཁྲིལ་བའི་ རིག་རྩལ་མེད་མི་དང་ ཡང་ཅིན་ གཡོག་ཡོད་མིའི་ནང་ མཐོ་རིམ་མཐར་འཁྱོལ་བའི་ ན་གཞོན་ཚུ་གིས་ དང་འདོད་བསྐྱེད་མ་བཏུབ་མི་ལུ་བརྟེན་བྱུངམ་མ་གཏོགས་ ལཱ་གཡོག་རྩ་བརྟན་ལས་ར་ མེདཔ་མེན་པས་ཟེར་བཤདཔ་ཨིན་པས།
དྲུང་ཆེན་གྱིས་སླབ་མིའི་ནང་ ལཱ་གཡོག་གི་དཀའ་ངལ་དེ་ མི་རློབས་དང་འབྲེལ་བ་ཅན་ཅིག་ཨིནམ་ད་ ལཱ་གཡོག་འཚོལ་མི་ཡང་ ལོ་བསྟར་བཞིན་དུ་ ཡར་སེང་འགྱོ་དོ་ཡོདཔ་ལས་ དཔེར་ན་ འཆར་གཞི་༡༡ པའི་ནང་ འབྲུག་པའི་མི་རློབས་ཡོངས་བསྡོམས་༨༠༠,༠༠༠ ལྷོད་ནིའི་ འོས་འབབ་ཡོད་མི་དང་བསྟུན་ ལཱ་གཡོག་འཚོལ་མིའི་གྱངས་ཁ་ཡང་ ཡར་སེང་འགྱོ་ནི་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ན་གཞོན་ཚུ་ལུ་ལཱ་གཡོག་མེདཔ་ཙམ་ཅིག་གིས་ ལཱ་གཡོག་མ་ཐོབ་པའི་གྲངས་སུ་མི་ཚུད་ཟེར་ཨིནམ་ད་ ན་གཞོན་ལ་ལུ་ཅིག་གིས་ ལཱ་གཡོག་ཐོབ་སྟེ་འབད་རུང་ དེ་ལུ་ དང་འདོད་མེད་པར་ ལཱ་གཡོག་ནང་ལས་ཐོན་སྡོད་མི་ཚུ་ག་ར་ ལཱ་གཡོག་མ་ཐོབ་པའི་དཀའ་ངལ་ཅན་གྱི་ གྲས་ཁར་རྩིས་ནི་མེད་ཟེར་ཨིན་པས།
དཀའ་ངལ་དེ་ཚུ་སེལ་ཐབས་ལུ་ ལྷན་ཁག་གིས་ མི་སྡེའི་རིང་ལུགས་ལག་ལེན་ཐོག་ ལཱ་གཡོག་གི་གོ་སྐབས་བཟོ་བ་ཅིན་ ན་གཞོན་ཚུ་གིས་ ཡིག་ཚང་གི་ལཱ་གཡོག་རྐྱངམ་གཅིག་ལུ་ དང་འདོད་བསྐྱེད་ནི་ཨིནམ་ལས་ གཞུང་གིས་ འདི་བཟུམ་གྱི་ རེ་འདོད་འགྲུབ་ཚུགས་པ་ ལཱ་ཁག་འདུག་ཟེར་ཨིན་པས།
ལཱ་གཡོག་གོ་སྐབས་ཀྱི་ ཐབས་ལམ་གཞན་མི་དེ་ མ་རྩའི་རིང་ལུགས་བསྟར་དུ་ དཔལ་འབྱོར་གནས་སྟངས་དང་བསྟུན་ ལས་མི་དང་ མཁས་རིག་ག་ཅི་ར་དགོཔ་འདུག་ག་ དེ་དང་བསྟུན་པའི་ མི་སྟོབས་གོང་འཕེལ་གྱི་ ལས་རིམ་ཚུ་ འགོ་འདྲེན་འཐབ་དགོཔ་འདུག་ཟེར་ཨིན་པས།
འབྲུག་གི་དཔལ་འབྱོར་ནང་ ལས་མིའི་མཁོ་འདོད་རྒྱ་ཆེ་ཤོས་ར་ བཟོ་སྐྲུན་དང་ ལྟ་བཤལ་ དེ་ལས་ སོ་ནམ་ལས་དོན་ཚུ་ནང་ཡོདཔ་ལས་ དེ་ཚུ་གི་དོན་ལུ་ ལྕོགས་གྲུབ་ཅན་གྱི་མི་སྟོབས་ གོང་འཕེལ་བཏང་དགོཔ་ཡོད་ཟེར་ཨིན་པས།
འཆར་གཞི་༡༡ པའི་སྐབས་ ལས་མིའི་གནས་སྟངས་ནང་ གཙོ་བོ་ར་ ཞི་བའི་བཟོ་རིག་འགོ་དཔོན་མ་ལང་པའི་དཀའ་ངལ་འབྱུང་ནི་ཨིནམ་ལས་ མཁོ་འདོད་རྒྱ་ཆེ་དྲག་སྦེ་ར་ ཡོད་ཟེར་ཨིན་པས།
འཕྲུལ་རིག་དང་འབྲེལ་བའི་ རིག་རྩལ་ཅན་གྱི་ལས་བྱེདཔ་གི་ མཁོ་འདོད་སྦོམ་འོང་ནི་ཨིན་པའི་ཁར་ འཆར་གཞི་༡༡ པའི་ནང་ ལག་རྩལ་སྦྱོང་བརྡར་སྤེལ་ཁང་ཚུ་ནང་ལས་ མཐར་འཁྱོལ་ཅན་གྱི་ལས་བྱེདཔ་༡༡,༠༠༠ དེ་ཅིག་གི་ མཁོ་འདོད་འགྲུབ་ཚུགས་ནི་ཨིན་རུང་ ཚ་གྱང་གཙོ་བོ་ར་ སྤྱིར་བཏང་མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ཚུ་གི་དོན་ལུ་ཡོད་ཟེར་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment