གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གློག་མེ་ལས་འགུལ་གྱི་ ལཱ་གི་གྲུབ་འབྲས་བརྟག་ཞིབ།

བསྟན་འཛིན་རྣམ་རྒྱལ།
༡༣/༠༦/༢༠༡༢   ༉ ད་ཚུན་གྱི་བར་ན་ རྒྱ་གར་གཞུང་གིས་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་ གོ་རིམ་དང་པའི་དོན་ལུ་ དངུལ་ཀྲམ་ས་ཡ་༢༠,༨༡༠ བགོ་བཀྲམ་འབད་ཡོདཔ་ད་ གོ་རིམ་༢ པའི་དོན་ལུ་ དངུལ་ཀྲམ་ས་ཡ་༣,༥༣༠ བྱིན་ཡི་ཟེར་ སྤུ་ན་གཙང་ཆུ་གློག་ལས་དབང་འཛིན་གྱི་ འཛིན་སྐྱོང་མདོ་ཆེན་ ཁ་ཟཱན་ཇིཏ་གིས་བཤད་ཅི།


སྤྱི་ལོ་༢༠༡༠ པའི་ཟླཝ་༡༢ པ་ལས་ གོ་རིམ་༢ པའི་ལཱ་འགོ་བཙུགས་མི་དེ་གིས་ ད་ཚུན་ དངུལ་ཀྲམ་དུང་ཕྱུར་༣ ཟད་འགྲོ་བཏང་ཡོདཔ་ད་ ལས་འགུལ་དེ་ དངུལ་ཀྲམ་དུང་ཕྱུར་༤༠ ཟད་འགྲོ་བཏང་ཐོག་ལས་ བསྒྲུབ་ནི་ཨིན་པས།
སྤྱི་ལོ་༢༠༡༢ ལུ་ གོ་རིམ་དང་པའི་ ལས་འགུལ་དོན་ལུ་ དངུལ་ཀྲམ་ས་ཡ་༡༠,༠༠༠ བགོ་བཀྲམ་འབད་ཡོདཔ་ད་ གོ་རིམ་༢ པའི་དོན་ལུ་ སྤྱི་ལོ་༢༠༡༢ དང་༢༠༡༣ གྱི་བར་ན་ དངུལ་ཀྲམ་ས་ཡ་༨,༡༡༥ བྱིན་ཡོདཔ་ད་ འཛིན་སྐྱོང་མདོ་ཆེན་གྱིས་འབད་བ་ཅིན་ མ་དངུལ་འཐོབ་ནིའི་དོན་ལུ་ རྒྱ་གར་གཞུང་ལུ་ ལཱ་གི་གྲུབ་འབྲས་སྙན་ཞུ་ ཕུལ་དགོ་ཟེར་ སླབ་ཨིན་པས།
འཛིན་སྐྱོང་མདོ་ཆེན་གྱིས་འབད་བ་ཅིན་ ལས་འགུལ་གོ་རིམ་དང་པ་དེ་ དུས་ཚོད་ཁར་ བསྒྲུབ་ཚུགས་པའི་རེ་བ་ཡོད་ཟེར་ཨིནམ་ད་ གོ་རིམ་༢ པ་དེ་ མཇུག་བསྡུ་ནིའི་དུས་ཚོད་ལས་ ཟླཝ་༣ གྱི་ཧེ་མར་ མཇུག་བསྡུ་ཚུགས་པའི་རེ་བ་ བསྐྱེད་དོ་ཟེར་ཨིནམ་ད་ ལཱ་དེ་ སྤྱི་ལོ་༢༠༡༦ ལུ་ མཇུག་བསྡུ་དགོཔ་ཨིན་པས།
དེའི་སྐོར་ལས་ ཁ་ཙ་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་ གོ་རིམ་དང་པ་དང་༢ པའི་ བཀོད་ཚོགས་ཀྱི་ མདོ་ཆེན་ཚུ་ ལས་འགུལ་གྱི་ས་ཁོངས་ནང་ ལྟ་སྐོར་འབདཝ་ད་ སླབ་ཡོདཔ་ད་ ལྟ་སྐོར་དེ་ སྤྱི་ཟླ་༦ པའི་ཚེས་༡༡ ལུ་ ཐིམ་ཕུ་ལུ་ གློག་མེ་ལས་འགུལ་གྱི་ ལོ་བསྟར་བཀོད་ཚོགས་ཞལ་འཛོམས་འཚོགས་པའི་ཤུལ་ལས་ ལཱ་གི་གྲུབ་འབྲས་བརྟག་ཞིབ་འབད་ནིའི་དོན་ལུ་ཨིན་པས།
ལྟ་སྐོར་འབད་མིའི་གྲས་ཁར་ རྒྱ་གར་གཞུང་གི་ དམིགས་བསལ་དྲུང་ཆེན་ ཤི་རི་གིས་གཙོས་པའི་ ཡོངས་ཁྱབ་དྲུང་ཆེན་༢ དང་ ཆེ་མཐོའི་འགོ་དཔོན་ཚུ་རྩིས་ཏེ་ མི་གྲངས་༩ ཡོད་མི་དེ་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་དབང་འཛིན་གྱི་ འཛིན་སྐྱོང་མདོ་ཆེན་ ཁ་ཟཱན་ཇིཏ་གིས་ འགོ་ཁྲིད་འབད་ཡོད་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment