གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བདུན་ཕྲག་གནས་ཚུལ།

རྒྱ་གར་གཞུང་གིས་ སྐྱིན་འགྲུལ་རུ་པི་དུང་ཕྱུར་༡༠ བྱིན་ནི།

༉ ད་རེས་ནངས་པ་ འབྲུག་རྒྱལ་ཁབ་ནང་ རྒྱ་གར་གྱི་ཏི་རུ་ རུ་པིའི་དཀའ་ངལ་བསལ་ནི་གི་ ཕན་ཐབས་ལུ་ རྒྱ་གར་གཞུང་གིས་ རུ་པི་དུང་ཕྱུར་༡༠ སྐྱིན་འགྲུལ་བྱིན་ནི་སྦེ་ ཁ་བཟེད་ཡོདཔ་ཨིན་པས།
དེ་ཡང་ ཁ་ཙ་ བློན་ཆེན་འཇིགས་མེད་འོག་ཟེར་འཕྲིན་ལས་མཆོག་གིས་ སྤྱི་ཚོགས་དང་པའི་ཚོགས་ཐེངས་༩ པ་ འགོ་བཙུགས་སྐབས་ བཀྲིན་ལེགས་གསོའི་ གྲོས་དོན་ཕུལ་བའི་སྐབས་ ཚོགས་དམངས་ལུ་ གནས་ཚུལ་དང་འདྲཝ་སྦེ་ ཞུ་གནང་ཡི།



བློན་ཆེན་གྱིས་འབད་བ་ཅིན་ འབྲུག་གཞུང་གི་ ཁ་ཐུག་ལས་ རྒྱ་གར་གཞུང་ལུ་ སྐྱིན་འགྲུལ་རུ་པི་དུང་ཕྱུར་༡༠ སྐྱེད་ག་དེ་དམའཝ་སྦེ་ གནང་དགོཔ་སྦེ་ཞུཝ་ད་ རྒྱ་གཞུང་གིས་ སྐྱིན་འགྲུལ་གཅིག་ཁར་ སྐྱེད་དེ་ཡང་ བརྒྱ་ཆ་༥ སྦེ་ བྱིན་ནི་གི་ ཁ་བཟེད་ཡོད་ཟེར་ཨིན་པས།
རྒྱ་གར་གཞུང་གིས་ ང་བཅས་ཀྱི་ རེ་བ་ལས་ལྷག་སྟེ་ རྒྱབ་སྐྱོར་འབད་མི་དེ་ཡང་ མི་དབང་འབྲུག་རྒྱལ་༣ པ་དང་༤ པ་རྣམ་གཉིས་ཀྱི་ ཁ་ཐུག་ལས་ རྒྱ་འབྲུག་གཉིས་ཀྱི་ མཐུན་ལམ་གྱི་ གཞི་འགྱམ་སྒྲིང་སྒྲིང་བཟོ་སྟེ་ ཡོད་མི་གུ་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ ཧེང་སྐལ་ར་ དམ་ཟབ་བཟོ་གནང་ནི་དེ་གིས་ཨིན་ཟེར་ བློན་ཆེན་གྱིས་ ཞུ་ཡོད་པའི་གནས་ཚུལ།


བུམ་ཐང་ པད་ཚལ་གླིང་སྐུ་མཆོད།

༉ བུམ་ཐང་པད་ཚལ་གླིང་དགོན་པའི་ ལོ་བསྟར་སྐུ་མཆོད་ ཁ་ཙ་ལས་ འགོ་བཙུགས་ཡི།
པད་ཚལ་གླིང་དགོན་པ་ལུ་ ལོ་བསྟར་བཞིན་དུ་ པད་ཚལ་གླིང་སྐུ་མཆོད་ བཟུང་དགོ་མི་དེ་ཡང་ པད་ཚལ་གླིང་སྤྲུལ་སྐུ་ སྐུ་ཕྲེང་དང་པ་ གྲུབ་ཐོབ་རྣམ་རྒྱལ་ལྷུན་གྲུབ་ཀྱི་ དགོངས་རྫོགས་ཉིནམ་ བརྩི་སྲུང་ཞུ་ནིའི་དོན་ལུ་ཨིན་པས།
ཉིནམ་༣ གྱི་ སྐུ་མཆོད་སྐབས་ལུ་ དགོན་པའི་དགེ་སློང་ཚུ་གིས་ གསུང་ཆོག་ཚུ་གནང་པའི་ཁར་ དགོན་པ་ལུ་འཛོམས་མི་ དད་ཅན་མི་མང་གི་དོན་ལུ་ སྐུ་འཆམ་ཚུ་ སྟོན་ནི་ཨིནམ་ད་ ནངས་པར་ ཉིནམ་མཇུག་ལུ་ མཐོང་གྲོལ་གྱི་མཇལ་ཁ་ གནང་ནི་ཨིན་པའི་གནས་ཚུལ།

No comments:

Post a Comment