གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཆར་རྐྱབ་མ་བཏུབ་མི་ལུ་བརྟེན་ ལའུ་རི་རྒེད་འོག་གི་མི་སེར་ལུ་ དཀའ་ངལ།

༉ དུས་ཅི་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ ཇོ་མོ་གཙང་ཁ་དྲུང་ཁག་ ལའུ་རི་རྒེད་འོག་གི་ རོལ་གནང་གཡུས་ཚན་ནང་ ཆར་ཆུ་དུས་ལུ་མ་བབས་ལས་བརྟེན་ ལོག་སྟེ་ལོ་ཐོག་ཐེངས་༢ རེ་བཏབ་ཡོད་རུང་ སྐྱེ་མ་བཏུབ་ལས་ འཚོ་བའི་གནས་སྟངས་ལུ་ ལཱ་ཁག་གཏང་ནི་ཨིནམ་ལས་ གཡུས་ཁའི་མི་སེར་ཚུ་ ཚ་གྱང་ལང་དགོཔ་བྱུང་ཡོདཔ་ཨིན་པས།


རྒྱལ་ཁབ་ནང་ ཆར་ཆུ་དཀོན་པའི་དཀའ་ངལ་དེ་ གཙོ་བོ་ཅིག་ལུ་གྱུར་ཡོད་མི་ལས་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་གི་ མཐའ་ཟུར་གྲོང་གསེབ་ ལའུ་རི་རྒེད་འོག་དེ་ སྣུམ་འཁོར་ལམ་ལས་ རྐང་སྟོང་སྦེ་ཉིན་ལམ་༣ གྱི་ས་ཁར་ འགྱོ་དགོ་པའི་གཡུས་སྒོའི་ནང་ ལོ་ཐོག་ཐེངས་༢ བཏབ་རུང་ སྐྱེ་མ་བཏུབ་མི་ལུ་བརྟེན་ ཚ་གྱང་ལང་དོ་ཡོདཔ་ཨིན་པས།
སྐྱེས་ལོ་༤༥ ལང་མི་ བསྟན་རྡོ་རྗེ་གིས་ སླབ་མི་དང་འཁྲིལཝ་ད་ སྤྱི་ཟླ་༣ པ་མཇུག་བསྡུ་ཁམས་ལུ་ ཁོང་གི་ གཡུས་ཚན་ནང་ གེ་ཟ་ བཏབ་ནི་འགོ་བཙུགས་ཡོདཔ་ད་ གེ་ཟ་དེ་ ཚར་གཅིག་ལེགས་ཤོམ་སྦེ་ སྐྱེས་རུང་ ཟླཝ་ལྷགཔ་ཅིག་གི་རིང་ལུ་ ཆར་ཆུ་མེད་མི་ལུ་བརྟེན་ ལོ་ཐོག་ཚུ་ ཤི་ནི་འགོ་བཙུགས་ཅི་ཟེར་ཨིན་པས།
གཡུས་མི་ཚུ་གིས་ སྤྱི་ཟླ་༤ པའི་ནང་ གེ་ཟ་ལོག་བཏབ་ཡོདཔ་ཨིན་རུང་ ད་ལྟོའི་བར་ན་ཡང་ ལོ་ཐོག་ཚུ་སྐྱེས་མ་བཏུབ་མི་ལུ་བརྟེན་ ཆརཔ་ག་དེ་སྦེ་རྐྱབ་བཏུབ་ག་མི་ཤེས་ནི་དེ་གིས་ ཡང་བསྐྱར་དུ་ བཏབ་དགོཔ་བཟུམ་ཅི་འདུག་ཟེར་ཨིན་པས།
སྐྱེས་ལོ་༣༤ ལང་མི་བཀྲིས་དབང་འདུས་ཀྱིས་འབད་བ་ཅིན་ དུས་ཚོད་འ་ནེམ་ཅིག་ཁར་ ཆརཔ་ཤུགས་སྦེ་རྐྱབ་དོ་ཡོདཔ་མ་ཚད་ སྤྱི་ཟླ་༦ པ་མཇུག་བསྡུ་ཁམས་ལུ་ གེ་ཟ་འཚོ་ནིའི་དུས་ཚོད་ཨིན་རུང་ དུས་ཅི་ཆརཔ་རྐྱབ་མ་བཏུབ་ནི་དེ་གིས་ འཚོ་བ་གེ་ཟ་ལུ་བརྟེན་སྡོད་མི་ གཡུས་སྒོའི་མི་སེར་ག་ར་ ཨ་རྟག་དང་མ་འདྲཝ་བའི་ ཚ་གྱང་ལང་དགོཔ་བྱུང་མས་ཟེར་སླབ་ཨིན་པས།
ལའུ་རི་རྒེད་འོག་གི་ རོལ་ནང་དང་ མོམ་རིང་ དེ་ལས་ ཕ་འཇུག་དགོན་པའི་ཚོགས་པ་ བསོད་ནམས་རྒྱ་མཚོ་གིས་ སླབ་མི་དང་འཁྲིལཝ་ད་ ལའུ་རི་རྒེད་འོག་གི་ གཡུས་སྒོ་ག་རའི་ནང་ ཆརཔ་རྐྱབ་མ་བཏུབ་ཟེར་ཨིནམ་ད་ ལའུ་རི་རྒེད་འོག་གི་མི་སེར་ འཚོ་བ་གེ་ཟ་ལུ་བརྟེན་མི་ བརྒྱ་ཆ་༩༠ དང་ བྱཱ་ལུ་བརྟེན་མི་ བརྒྱ་ཆ་༥ དེ་ཅིག་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སོ་ནམ་ཞིང་ལམ་སེལ་མི་དེནི་ ད་ལྟོ་ ལམ་ཕྱེད་ཀ་ལས་བརྒལ་མ་ལྷོདཔ་ལས་ གཡུས་སྒོའི་ནང་ འོང་འབབ་བཟོ་ནིའི་རྒྱུ་ ག་ནི་ཡང་མེདཔ་ལས་ ད་རེས་ཀྱི་ཟླཝ་ནང་ ཆརཔ་རྐྱབ་མ་བཏུབ་པ་ཅིན་ གཡུས་སྒོའི་མི་སེར་ཚུ་ འཚོ་སྐྱོང་གི་དོན་ལུ་ ལཱ་ཁག་རྐྱབ་ནི་བཟུམ་ཅིག་ འདུག་ཟེར་སླབ་ཨིན་པས།
གྲོང་གསེབ་ཀྱི་ མི་སེར་ལ་ལུ་ཅིག་གིས་ གནས་ཚུལ་བསྡུ་ལེན་པ་ལུ་ སླབ་དོ་བཟུམ་འབད་བ་ཅིན་ གཡུས་སྒོ་ནང་ འོང་འབབ་བཟོ་ནིའི་ཐབས་བྱུས་ལེ་ཤ་ཡོད་རུང་ སྣུམ་འཁོར་ལམ་དང་ ཚོང་འབྲེལ་འཐབ་ས་ལེགས་ཤོམ་མེད་མི་ལུ་བརྟེན་ དཀའ་ངལ་སྦོམ་འདུག་ཟེར་ཨིན་པས།
ཨ་ལོ་ལྔའི་ཨའི་ སྐྱེས་ལོ་༤༥ ལང་མི་ ཚེ་རིང་སྒྲོལ་མ་གིས་འབད་བ་ཅིན་ གལ་སྲིད་ ཆརཔ་རྐྱབ་མ་བཏུབ་པ་ཅིན་ ལྕོགས་གྲུབ་ཡོད་མི་ སོ་ནམ་པ་ཚུ་ལུ་ དཀའ་ངལ་མི་བྱུང་ནི་ཨིན་རུང་ མོ་བཟུམ་ཅིག་ལུ་འབད་བ་ཅིན་ ག་དེ་སྦེ་ འཚོ་སྐྱོང་འཐབ་སྟེ་སྡོད་ཚུགས་ག་ཟེར་བའི་ མནོ་བསམ་ལེ་ཤ་བཏང་དགོཔ་བྱུངམ་མས་ཟེར་ བཤདཔ་ཨིན་པས།
ཚོགས་པ་བསོད་ནམས་རྒྱ་མཚོ་གིས་ ཆརཔ་རྩ་ལས་ར་ རྐྱབ་མ་བཏུབ་པ་ཅིན་ ཐབས་ཤེས་གནས་སྐབས་ཟེར་རུང་ གཞུང་ལུ་སྐྱིད་སྡུག་ཚུ་གི་སྐོར་ལས་ སྙན་ཞུ་ཕུལ་ནིའི་དོན་ལུ་ འཆར་གཞི་ཚུ་རྩམ་པའི་བསྒང་ར་ཡོད་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment