གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་སྤྱིར་དབང་ཚོགས་པའི་ ལས་རྟགས་གསལ་སྟོན་འབད་ཡོདཔ།

ཚོགས་པ་གིས་ འདེམས་ངོ་༡༢ གཏན་འཁེལ་བཟོ་ཡོདཔ་མ་ཚད་ གཙོ་འཛིན་གྱི་ འོས་ངོ་ཨམ་སྲུ་༢ དང་ ཕོ་སྐྱེས་༣ ཡོད་མིའི་གྲས་ལས་ གདམ་ཁ་རྐྱབ་ནི།


༡༤/༠༦/༢༠༡༢   ༉ འབྲུག་གི་དམངས་གཙོའི་དོན་ལུ་ སྲིད་ཚོགས་གསརཔ་ གཞི་བཙུགས་འབད་བའི་བསྒང་ཡོད་མི་ཚུ་གི་གྲས་ལས་ འབྲུག་སྤྱིར་དབང་ཚོགས་པ་གིས་ མཚོའི་སྦུག་ལུ་ མེ་ཏོག་པདྨའི་སྦུག་ལས་ བྱ་གནགཔོ་༡ ཤོགཔ་གནམ་ཁར་ལྡིང་སྟེ་ཡོད་མི་དང་  བྱ་དེ་གི་རྒྱབ་ཁར་ ཤིང་གི་འདབ་མ་ཚུ་གིས་རྒྱན་པའི་ ནོར་བུ་ལྕང་ཁ་སྦེ་ཡོད་མི་དེ་ ད་ལས་ཕར་ ཚོགས་པའི་ལས་རྟགས་སྦེ་ ལག་ལེན་འཐབ་ནི་ཨིན་པས།


ཚོགས་པ་དེ་གི་མགྲིན་ཚབ་ རྟ་མགྲིན་ཚེ་རིང་གིས་འབད་བ་ཅིན་ ལས་རྟགས་དེ་གིས་ དོན་ངོ་མ་ར་ ནང་འཁོད་གཅིག་སྒྲིལ་དང་ ཕན་བདེ་ལུ་ གཙོ་རིམ་ཅན་གྱི་ དམངས་གཙོའི་རིང་ལུགས་ཀྱི་ ལྟ་བ་གསལ་སྟོན་འབདཝ་ཨིན་ཟེར་ཨིན་པས།
ལས་རྟགས་ཀྱི་ བྱ་གནགཔོ་གི་ཤོགཔ་༢ གནམ་ཁར་ལྡིང་སྟེ་ཡོད་མི་དེ་ མི་སེར་སྤྱིར་སྙོམས་དང་ དབང་ཆ་འདྲ་མཉམ་གྱི་ བརྡ་ཨིན་པའི་ཁར་ དམ་ཚིག་གཙང་མ་དང་ དམངས་གཙོའི་རིང་ལུགས་ སྤྱིར་སྙོམས་ཐོག་ རྒྱལ་ཁབ་ཀྱི་གནས་སྟངས་ མདུན་བསྐྱོད་འབད་བའི་ བརྡ་མཚོན་སྟོནམ་ཨིན་ཟེར་ཨིན་པས།
ལས་རྟགས་དེ་ནང་ འོག་ལུ་ཆུའམ་ མཚོ་སྦེ་ཡོད་མི་དེ་ མི་སེར་སྤྱི་དང་ འཚོ་བ་ཡུན་བརྟན་གྱི་ བརྡ་མཚོན་ཨིན་པའི་ཁར་ མེ་ཏོག་པདྨ་དེ་ བཙོག་ལྷད་མེད་པར་ གཙང་མ་ཨིན་པའི་ རྟགས་མཚན་ཅིག་ཨིན་པས།
སྦུག་ན་ལུ་ཡོད་མི་ ནོར་བུ་དེ་ རྩ་བ་གསུམ་མཚོན་བྱེད་ཀྱི་ རིས་མོ་ཨིནམ་ད་ གཡས་གཡོན་ལས་ ཤིང་གི་འདབ་མ་གིས་ རྒྱན་ཡོད་མི་དེ་ ཕན་ཁྱད་ཅན་གྱི་འགྱུར་བའམ་ བདེ་སྐྱིད་དང་ ཕན་བདེ་གོང་འཕེལ་གྱི་ བརྡ་མཚོན་ལུ་ཨིནམ་བཞིན་དུ་ མེ་ཏོག་པདྨའི་ཚོས་གཞི་དེ་གིས་ ཚོགས་པའི་ལྟ་བ་ དམངས་གཙོའི་མི་སྡེ་རིང་ལུགས་དེ་ གསལ་སྟོན་འབདཝ་ཨིན་ཟེར་ མགྲིན་ཚབ་ཀྱིས་ བཤདཔ་ཨིན་པས།
དེ་ལས་ ཁ་དོག་ཧོནམོ་དང་ གནགཔོ་གིས་ དམངས་གཙོ་རིང་ལུགས་དང་ མི་སེར་གཅིག་སྒྲིལ་དང་ འདྲ་མཉམ་ཚུ་གི་ བརྡ་མཚོན་སྟོནམ་མ་ཚད་ ལྕང་ཁ་གིས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ བརྡ་མཚོན་སྟོནམ་ཨིན་ཟེར་ བཤདཔ་ཨིན་པས།
འབྲུག་སྤྱིར་དབང་ཚོགས་པ་དེ་ ཟླཝ་འདི་གི་སྔ་ཆ་ལུ་ སྲིད་ཚོགས་གསརཔ་བཟོ་ནི་གི་ དང་འདོད་ཅན་གྱི་ སྡེ་ཚན་༥ པ་སྦེ་ ཐོན་ཡོད་མི་དེ་ཡང་ སྡེ་ཚན་དེ་ དང་འདོད་ཅན་གྱི་ སྲིད་ཚོགས་༤ པ་ འབྲུག་མི་སེར་ཚོགས་པའི་ནང་ལས་ སོ་སོ་ཐོན་མི་ཚུ་གིས་ གཞི་བཙུགས་འབད་ཡོདཔ་ཨིན་པས།
རྟ་མགྲིན་ཚེ་རིང་གིས་ སླབ་མིའི་ནང་ ཁོང་གི་ཚོགས་པའི་ འདེམས་ངོ་༢༢ ངོ་འཛིན་འབད་ཡོད་མི་ལས་༡༢  གཏན་འཁེལ་སོང་ཡོདཔ་ཨིན་རུང་ ཁོང་གི་ཚོགས་པའི་ གཙོ་འཛིན་དེ་ ཨམ་སྲུ་༡ གདམ་ངོ་བཏོན་ཡོད་པའི་ འཐོར་གཏམ་ཁྱབ་སྤེལ་སོང་མི་དེ་ མི་བདེན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཚོགས་པའི་གཙོ་འཛིན་གྱི་དོན་ལུ་ འོས་འབབ་ཅན་གྱི་ མི་ངོ་༥ ངོས་འཛིན་འབད་ཡོད་མི་ལས་༢ ཨམ་སྲུ་དང་༣ ཕོ་སྐྱེས་ཨིནམ་ལས་ དེ་ཚུ་གི་གྲས་ལས་ གཅིག་ གདམ་ཁ་རྐྱབ་འོང་ཟེར་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment