གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩིས་རྙོགས་དངུལ་ཀྲམ་ས་ཡ་༥ ཡོད་མི་ལས་ བརྒྱ་ཆ་༡ ལྷག་ལུས་ཡོདཔ།

༡༦/༠༦/༢༠༡༢   ༉ སྤྱི་ཟླ་༦ པའི་ཚེས་༡༤ ལུ་ རྒྱལ་ཡོངས་ཚོགས་འདུ་ནང་ སྤྱི་ལོ་༡༩༨༡ ལས་༢༠༠༦ ཚུན་གྱི་ ཞི་གཡོགཔ་དང་ ལས་འཛིན་གྱི་ལས་བྱེདཔ་ཚུ་གིས་ གཞུང་གི་མ་དངུལ་ལོག་སྤྱོད་འབད་ཡོད་མི་ཚུ་ ལོག་ལེན་དགོ་པའི་སྐོར་ རྩིས་རྙོགས་ཀྱི་ གྲོས་བསྡུར་ཞིབ་པར་གནང་བའི་ཤུལ་ལུ་ འཐུས་མི་མང་ཤོས་ཅིག་གིས་ མ་དངུལ་ཚུ་ ལོག་ལེན་ཐབས་འབད་དགོ་པའི་སྐོར་ལས་ཞུ་ཡི།


དགོན་ཁ་སྟོད་ལ་ཡ་གི་འཐུས་མི་ དམ་ཆོས་རྡོ་རྗེ་གིས་ ལྷན་ཁག་ཚུ་གིས་ རེ་རེ་བཞིན་དུ་ རྩིས་ཞིབ་དབང་འཛིན་དང་གཅིག་ཁར་ ལགཔ་མཐུད་དེ་ ཕྱག་ལཱ་གནང་དགོཔ་མ་ཚད་ དགོངས་ཡང་གནངམ་ད་ཡང་ བརྟག་ཤིང་ལེགས་ཤོམ་སྦེ་དཔྱད་དེ་ འབད་དགོཔ་འདུག་ཟེར་ཞུ་ཡི།
ལྡོག་ཕྱོགས་འགོ་ཁྲིདཔ་ ཚེ་རིང་སྟོབས་རྒྱས་ཀྱིས་ཡང་ ལྷག་ལུས་མ་དངུལ་དེ་ མི་དམངས་དངུལ་རྩིས་བཅའ་ཁྲིམས་དང་འཁྲིལཝ་ད་ རྩིས་ཞིབ་དབང་འཛིན་དང་ ལྷན་ཁག་ཚོགས་ཆུང་གིས་ དཀའ་ངལ་ཚུ་ད་ལྟོ་བསལ་བའི་བསྒང་ཡོད་རུང་ ངན་ལྷད་དང་ ལྐོག་ཟ་འབད་མི་ འབུམ་ཕྱེད་དང་༥ དེ་ཅིག་མ་གཏོགས་ རྩིས་རྙོགས་ཡོངས་བསྡོམས་དངུལ་ཀྲམ་ས་ཡ་༥.༡ ལས་ དངུལ་ཀྲམ་ས་ཡ་༣.༤ ཚུལ་མིན་འཛིན་སྐྱོང་ཐོག་ཡོདཔ་ལས་ ངན་ལྷད་དང་ ལྐོག་ཟ་ཚུ་ ཁྲིམས་འདུན་ལུ་བཏང་སྟེ་བསལ་དགོ་པའི་ཁར་ ཚུལ་མིན་འཛིན་སྐྱོང་དང་འབྲེལ་བའི་ལྷག་ལུས་ཚུ་ ཚོགས་ཁང་གིས་ ལོག་ལེན་དགོ་ཟེར་ཞུ་ཡི།
ཤེས་རིག་བློན་པོ་ ཐྲ་ཀུར་སིང་པའུ་ཌེལ་གྱིས་འབད་བ་ཅིན་ ལྷན་ཁག་ཚུ་ལུ་ རྩིས་རྙོགས་ཚུ་བསལ་ཚུགས་པའི་ འོས་འབབ་ཡོདཔ་ལས་ དུས་ཚོད་ཡུན་རིངམོ་འགོར་ནི་དེ་གིས་ ཚོགས་ཁང་གིས་ དུས་ཚོད་ཅིག་གནང་དགོཔ་འདུག་ཟེར་ཞུ་ཡི།
དངུལ་རྩིས་བློན་པོ་ དབང་འདུས་ནོར་བུ་གིས་ སྔོན་བྱིན་དང་ དངུལ་ཐེབས་སྤྲོད་མི་ཚུ་ དགོངས་ཡང་གནང་ནི་མེན་པར་ ཁྲིམས་ཁང་བརྒྱུད་དེ་ལོག་ལེན་དགོ་པའི་ཁར་ ལོག་སྤྱོད་གཞན་གྱི་རིགས་ཚུ་ཡང་ ཚོགས་ཐེངས་འདི་ནང་ར་ གྲོས་བསྡུར་གནང་དགོཔ་འདུག་ཟེར་ཞུ་ཡི།
ཚོགས་དཔོན་འཇིགས་མེད་ཚུལ་ཁྲིམས་ཀྱིས་ ཧེ་མ་དང་ཕྱདཔ་ད་ མ་དངུལ་ས་ཡ་ལས་བཅད་དེ་ ལོག་སྤྱོད་འབད་ཡོད་མི་ལས་ ལོག་ཐོབ་པའི་ལྷག་ལུས་ བརྒྱ་ཆ་གཅིག་ལྷགཔ་ཅིག་ལས་མེདཔ་ལས་ ངན་ལྷད་དང་ ལྐོག་ཟ་གི་རིགས་ ཁྲིམས་ཁང་ནང་བཏང་ནི་དང་ སྤྱི་ལོ་༢༠༠༦ ཚུན་གྱི་ རྩིས་རྙོགས་གཞན་གྱི་རིགས་ཚུ་ ཚོགས་ཆུང་གིས་ ཐག་བཅད་དགོ་པའི་ཁར་ སྤྱི་ལོ་༢༠༠༧ གྱི་ཐད་ལུ་ རྩིས་ཞིབ་དབང་འཛིན་དང་ ཚོགས་ཆུང་མཉམ་རུབ་ཐོག་ལས་ དབྱེ་ཞིབ་འབད་དེ་ ཚོགས་ཐེངས་འདི་ནང་ར་ དངུལ་རྩིས་བློན་པོ་གིས་ སྙན་ཞུ་ཕུལ་དགོ་ཟེར་གསུངས་ཡི། 
སྤྱི་ལོ་༢༠༠༨ ལས་༢༠༡༠ ཚུན་གྱི་ རྩིས་རྙོགས་ཀྱི་ཐད་ལུ་ ཚོགས་དཔོན་གྱིས་ དམངས་གཙོའི་གཞུང་སྐབས་ཀྱི་ རྩིས་རྙོགས་ཚུ་ གནམ་མེད་ས་མེད་ར་མེད་དེ་འབད་རུང་ སང་ཕོད་ལས་ ད་ལྟོ་ཡོད་པའི་གཞུང་དེ་ ཧྲམ་འགྱོཝ་ད་ ཧིང་སངས་ས་བཟོ་སྟེ་ དགོངསམ་ཞུ་དགོཔ་ཁག་ཆེ་ནི་དེ་གིས་ རྩིས་ཞིབ་དབང་འཛིན་དང་ འབྲེལ་ཡོད་ལྷན་ཁག་ཚུ་གིས་ ལཱ་ཐེབས་འབད་ཐོག་ལས་ སང་ཕོད་སྤྱི་ཟླ་༡ པ་དང་༢ པའི་ནང་ འཚོག་ནི་ཨིན་མི་ མཇུག་གི་གནམ་དགུན་གྱི་ཚོགས་ཐེངས་༡༠ པའི་ནང་ བསལ་ཚུགསཔ་འབད་དགོ་ཟེར་ གྲོས་ཐག་བཅད་ཡོད་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

No comments:

Post a Comment