གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁྲིམས་དོན་གྱི་ ཤེས་ཡོན་སྤེལ་ཐབས་ལུ་ སྡེ་ཕྲན་གཞི་བཙུགས།

ད་རེས་ནངས་པ་ སློབ་གྲྭ་ཁག་ཚུ་ནང་ ཁྲིམས་དོན་སྡེ་ཕྲན་༢༧ ལུ་ ཡང་སེང་སོང་ཡོདཔ་ལས་ ཁྲིམས་ཀྱི་གོ་དོན་སྤེལ་ནི་ལུ་ ལྷན་ཐབས་འབྱུང་ནི།

འབྲུག་རྒྱལ་ཡོངས་ཁྲིམས་དོན་གཙུག་སྡེའི་གཙོ་འཛིན་ ཨ་ཞེ་བསོད་ནམས་བདེ་ཆེན་དབང་ཕྱུག་མཆོག་གིས་ ཁྲིམས་དོན་སྡེ་ཕྲན་གྱི་ འཐུས་མི་ཅིག་ལུ་ གཞི་བཙུགས་མ་དངུལ་གྱི་ དངུལ་འཛིན་ཅཱེག་ རྩིས་སྤྲོད་གནང་པའི་བསྒང་།
༡༤/༠༦/༢༠༡༢   ༉ ཁ་ཙ་ བུམ་ཐང་དང་ ཀྲོང་གསར་ གཞལམ་སྒང་འབྲིང་རིམ་སློབ་གྲྭ་གོང་མ་༣ ལུ་ ཁྲིམས་དོན་སྡེ་ཕྲན་གཞི་བཙུགས་ཀྱི་ མ་དངུལ་གནང་མི་དང་བསྟུན་ སློབ་གྲྭ་ཁག་ཚུ་ནང་ ཁྲིམས་དོན་སྡེ་ཕྲན་༢༧ ལུ་ ཡར་སེང་སོང་ཡོདཔ་བཞིན་དུ་ ནངས་པ་མོང་སྒར་འབྲིང་རིམ་སློབ་གྲྭ་གོང་མའི་ནང་ གཞི་བཙུགས་གནང་ནི་ཨིནམ་ལས་ སློབ་ཕྲུག་ན་གཞོན་ཚུ་གི་ ནང་འཁོད་ལུ་ ཁྲིམས་དོན་གྱི་སྐོར་ལས་ གོ་བརྡ་སྤེལ་ཚུགས་ནི་ཨིན་པས།


དེ་ཡང་ འབྲུག་ཤར་ཕྱོགས་རྫོང་ཁག་༦ གི་ དམངས་མི་ཚུ་ལུ་ ནང་ཁ་ནང་འགྲིགས་ཀྱི་ སྦྱོང་བརྡར་ལས་རིམ་ འགོ་འབྱེད་གནང་པར་བྱོན་མི་ འབྲུག་རྒྱལ་ཡོངས་ཁྲིམས་དོན་གཙུག་སྡེའི་གཙོ་འཛིན་ མི་དབང་རྒྱལ་པོའི་སྲསམོ་ ཨ་ཞེ་བསོད་ནམས་བདེ་ཆེན་དབང་ཕྱུག་མཆོག་གིས་ བྱ་དཀར་འབྲིང་རིམ་སློབ་གྲྭ་གོང་མའི་ནང་ ཁྲིམས་དོན་སྡེ་ཕྲན་གཞི་བཙུགས་གནངམ་དང་འབྲེལ་ སྡེ་ཕྲན་གཞི་བཙུགས་མ་དངུལ་གནང་ཡི།
ཨ་ཞེ་བསོད་ནམས་བདེ་ཆེན་དབང་ཕྱུག་མཆོག་གིས་ གསུངས་མིའི་ནང་ ཁྲིམས་དོན་སྡེ་ཕྲན་ནང་ འབྲེལ་གཏོགས་འབད་མི་ ན་གཞོན་ཚུ་གིས་ ཁྲིམས་དོན་སྐོར་ལས་ གོ་བ་ལེན་ཏེ་ གཞན་ལུ་ གོ་བརྡ་སྤྲོད་ནི་གི་ འགན་ཁུར་འབག་འོང་མནོ་བའི་ རེ་བ་ཡོད་ཟེར་ཨིན་པས།
བྱ་དཀར་འབྲིང་རིམ་སློབ་གྲྭ་གོང་མའི་ དབུ་འཛིན་འོགམ་ ཀརྨ་ཚེ་རིང་གིས་ སླབ་དོ་བཟུམ་འབད་བ་ཅིན་ ལས་རིམ་དེ་ལུ་བརྟེན་ ཨ་ལུ་ཚུ་གིས་ ཁྲིམས་ལུགས་ཀྱི་ སྤྱིར་བཏང་གོ་དོན་ཚུ་ ཧ་གོ་ཚུགས་ནི་ཨིནམ་ལས་ ཕན་ཐོགས་སྦོམ་འབྱུང་ཚུགས་ནི་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་རེས་ནངས་པ་ སློབ་ཕྲུག་ཚུ་གིས་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་དང་ ཁྲིམས་ཡིག་གཞན་ཚུ་གི་སྐོར་ལས་ མི་ཤེས་པས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ན་གཞོན་ཚུ་གིས་ ཁྲིམས་གཏུགས་འབད་མི་ཚུ་བཟུམ་སྦེ་ གོ་བ་ལེན་མི་ཚུགས་ནི་ཨིན་རུང་ སྤྱིར་བཏང་ཁྲིམས་ཀྱི་སྐོར་ལས་ ཤེས་རྟོགས་བྱུང་སྟེ་ མི་སྡེ་དང་ སློབ་གྲྭའི་ན་གཞོན་ཚུ་ལུ་ གོ་བརྡ་སྤེལ་ཚུགས་ནི་མས་ཨིན་པས།
སྡེ་ཕྲན་ནང་ འབྲེལ་གཏོགས་འབད་མི་ན་གཞོན་ཚུ་གིས་ འབྲུག་རྒྱལ་ཡོངས་ཁྲིམས་དོན་གཙུག་སྡེ་གིས་ བཟོ་ཡོད་མི་ ཁྲིམས་ཀྱི་ལག་དེབ་དང་འཁྲིལ་ སློབ་སྦྱོང་འབད་ནི་ཨིནམ་ད་ གཙུག་སྡེ་ལས་ ཕུརཔ་རྡོ་རྗེ་གིས་ སླབ་མིའི་ནང་ ལས་རིམ་དེ་ གཙོ་བོ་ར་ རྒྱལ་ཁབ་ཀྱི་ ལམ་ལུགས་དང་ ཁྲིམས་ལུགས་ཚུ་ ཧ་གོ་ཐོག་ལས་ ན་གཞོན་ཚུ་གིས་ སྨྱོ་རྫས་ཀྱི་རིགས་ནང་ ལང་ཤོར་མི་ཐལ་ནི་དང་ ཨ་ལུ་ཚུ་གིས་ མི་སྡེའི་ནང་ ཁྲིམས་ལུགས་ཀྱི་སྐོར་ལས་ ཁྱབ་སྤེལ་འབད་ཐབས་ལུ་ འགོ་བཙུགསཔ་ཨིན་ཟེར་ཨིན་པས།
དེ་བཟུམ་མའི་ ལས་རིམ་ཚུ་ སློབ་གྲྭ་ཁག་ནང་ འགོ་བཙུག་ནི་གི་དོན་ལུ་ འབྲུག་རྒྱལ་ཡོངས་ཁྲིམས་དོན་གཙུག་སྡེ་གིས་ སློབ་གྲྭ་ཚུ་ གདམ་ཁ་རྐྱབ་སྟེ་ཡོདཔ་ལས་ ད་ཚུན་གྱི་བར་ན་ སློབ་གྲྭ་ཁག་༢༤ ནང་ ཁྲིམས་དོན་སྡེ་ཕྲན་ཚུ་ གཞི་བཙུགས་འབད་དེ་ཡོདཔ་ཨིན་པས།
ཁྲིམས་དོན་སྡེ་ཕྲན་གཞི་བཙུགས་དང་འབྲེལ་ བྱ་དཀར་སློབ་གྲྭ་གིས་ ཕ་མའི་གོམས་འདྲིས་སློབ་སྦྱོང་ཟེར་མི་ གློག་བརྙན་ཐུང་ཀུ་ཅིག་ བཟོ་ཡོད་མི་དེ་ འགོ་འབྱེད་གནང་ཡི།
ཁྲིམས་དོན་སྡེ་ཕྲན་ནང་ འཐུས་མི་སྦེ་ འཛུལ་ཞུགས་འབད་མི་ སློབ་ཕྲུག་ཚུ་གིས་ སླབ་མིའི་ནང་ ལས་རིམ་དེ་གིས་ ཁྲིམས་དང་འབྲེལ་བའི་ དཀའ་ངལ་རེ་བྱུངམ་ད་ རང་ལུ་ཕན་ནི་ཨིནམ་མ་ཚད་ གཞན་ལུ་ཡང་ ཁྲིམས་ཀྱི་སྐོར་ལས་ བསླབ་སྟོན་དུམ་གྲ་རེ་ བྱིན་ཚུགས་ནི་མས་ཟེར་ཨིནམ་ད་ ལས་རིམ་དེ་ སློབ་གྲྭ་ནང་ བདུན་ཕྲག་རེ་ནང་ཚར་རེ་ སླབ་སྦྱོང་འབད་ནི་ཨིན་པའི་གནས་ཚུལ།

བུམ་ཐང་ལས་ བཀྲ་ཤིས་བསྟན་འཛིན།

No comments:

Post a Comment