གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཀྲིས་ཆོས་རྫོང་གི་ སྦོ་ལོགས་ཁའི་ཆུ་ཞིང་སྟོངམ་ཚུ་ནང་ ལྕང་ལཱ་རྐྱབ་ནི།

༡༣/༠༦/༢༠༡༢   ༉ ད་རིས་ སོ་ནམ་བློན་པོ་ཌོག་ཊར་ པདྨ་རྒྱ་མཚོ་གིས་ འགོ་ཁྲིད་ཐོག་ ལས་སྡེ་དང་ ལས་ཁུངས་ཁག་ལས་ ཁས་བླངས་པ་ཚུ་གིས་ ཐིམ་ཕུ་བཀྲིས་ཆོས་རྫོང་གི་ སྦོ་ལོགས་ཁ་ལུ་ཡོད་པའི་ ཆུ་ཞིང་སྟོངམ་ཚུ་ནང་ བྱཱ་འཛུགས་སྐྱོང་གི་དོན་ལུ་ ལྕང་ལ་རྐྱབ་ནི་ཨིན་པས།


ཆུ་ཞིང་སྟོངམ་ཚུ་ནང་ བྱཱ་འཛུགས་སྐྱོང་གི་ལས་རིམ་དེ་ཡང་ མི་དབང་མངའ་བདག་རྒྱལ་པོའི་ བཀའ་རྒྱ་ལྟར་དུ་ ཨིནམ་བཞིན་དུ་ སོ་ནམ་ལས་ཁུངས་ཀྱི་འགོ་དཔོན་ཅིག་གིས་འབད་བ་ཅིན་ དུས་ཅི་ ཆུ་ཞིང་སྟོངམ་ཨེ་ཀར་༡༥ དེ་ཅིག་ནང་ ལྕང་ལ་རྐྱབ་ནི་གི་ དམིགས་གཏད་བསྐྱེདཔ་ཨིན་ཟེར་ཨིན་པས།
ཆུ་ཞིང་སྟོངམ་ཚུ་ནང་ སོ་ནམ་ལས་ཁུངས་ཀྱིས་འགོ་འདྲེན་ཐོག་ ལྕང་ལ་རྐྱབ་དགོ་མི་དེ་ གཙོ་བོ་ར་ མི་སེར་ཚུ་ལུ་ སོ་ནམ་ཞིང་ལཱ་གལ་ཆེ་བའི་སྐོར་ལས་ གོ་བརྡ་སྤྲོད་ཐབས་ལུ་ཨིནམ་མ་ཚད་ ས་ཆ་སྟོངམ་ཚུ་ནང་ བྱཱ་འཛུགས་སྐྱོང་འཐབ་པའི་སྐབས་ རྫོང་གི་ ཉེ་འདབས་ཀྱི་ས་ཁོངས་ཚུ་ཡང་ མཛེས་ཆ་དང་ལྡནམ་བཟོ་ཚུགས་པའི་འོས་འབབ་འདུག་ཟེར་ཨིན་པས།
རྫོང་གི་ སྦོ་ལོགས་ཁ་ལས་ཕར་ཡོད་པའི་ ཆུ་ཞིང་ཚུ་ མང་ཤོས་ར་ གྲྭ་ཚང་དང་ སྒེར་སྡེ་ ཧེ་ཇོ་དང་ གླང་ཇོ་ཕར་ཁ་ལུ་སྡོད་མི་ཚུ་གི་ ས་ཆ་ཡོངས་བསྡོམས་ཨེ་ཀར་༣༠ ལྷགཔ་ཅིག་གི་རྩིས་ འོང་ནི་ཨིནམ་ད་ ས་ཆ་དེ་ཚུ་ སྔོ་ལྡན་ས་ཁོངས་སྦེ་ ངོས་འཛིན་འབད་ཡོདཔ་ཨིན་པས།
སྔོ་ལྡན་ས་ཁོངས་སྦེ་ངོས་འཛིན་འབད་ཡོད་རུང་ ས་ཁོངས་དེ་ ག་དེ་སྦེ་ སྔོ་ལྡན་ས་ཁོངས་ཀྱི་དོན་ལུ་ གོང་འཕེལ་གཏང་ནི་ཨིན་ན་གི་ འཆར་གཞི་ཅིག་བརྩམས་ཏེ་མེད་པར་ དེ་སྦེ་ར་ལུས་ཡོདཔ་མ་ཚད་ སོ་ནམ་གྱི་ལཱ་ཡང་འབད་མ་བཅུག་པར་ ས་ཆ་སྟོངམ་སྦེ་བཞག་ཡོདཔ་ལས་ སོ་ནམ་གོང་འཕེལ་གྱི་དོན་ལུ་ ལས་རིམ་འགོ་འདྲེན་འཐབ་ནི་གི་ གྲོས་འཆར་ཐོག་ མི་དབང་རྒྱལ་པོའི་བཀའ་རྒྱ་དང་བསྟུན་ འགོ་བཙུགསཔ་ཨིན་ཟེར་ཨིན་པས།
ཆུ་ཞིང་སྟོངམ་ཚུ་ནང་ བྱཱ་འཛུགས་སྐྱོང་འཐབ་ཞིནམ་ལས་ ཐོན་སྐྱེད་དེ་ ག་དེ་སྦེ་ལག་ལེན་འཐབ་ནི་ཨིན་ན་གི་ འཆར་གཞི་ཅིག་ ལོགས་སུ་མེདཔ་ཨིན་རུང་ ཐོན་སྐྱེད་དེ་ཚུ་བཙོང་ཞིནམ་ལས་ རིན་གོང་ག་དེ་ཅིག་ཐོབ་མི་དེ་ བྱཱ་འཛུགས་སྐྱོང་ལས་རིམ་གྱི་དོན་ལུ་ར་ ལག་ལེན་འཐབ་ནིའི་རེ་བ་ཡོད་ཟེར་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment