གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གུ་རུ་རིན་པོ་ཆེའི་ དུས་སྟོན་བརྩི་སྲུང་།

པི་རིའུ་མཆོད་བརྩི་སྲུང་གི་དོན་ལུ་ མཆོད་བཤམས་ནང་ ཚོགས་རྫས་དང་
མེ་ཏོག་སྣ་ཚོགས་ཕུལ་ཡོད་པའི་མཐོང་སྣང་།
༉ བུམ་ཐངཔ་ཚུ་གིས་ རང་ཟླ་༤ པའི་ཚེས་༡༠ ལུ་ པི་རིའུ་མཆོད་ཟེར་ གུ་རུ་རིན་པོ་ཆེ་ལུ་ དམིགས་བསལ་གྱི་ ཚོགས་ཕུལ་ནིའི་ དུས་སྟོན་ཅིག་སྦེ་ བརྩི་སྲུང་འབད་ཡོདཔ་ཨིན་པས།
ཉིནམ་བརྩི་སྲུང་འབད་ནིའི་དོན་ལུ་ ཉིནམ་ཅིག་གི་ཧེ་མ་ལས་ རང་སོའི་ཁྱིམ་ཚུ་ ཆུ་འཁྱུ་སྟེ་ བཅའ་སྒྲིག་རྐྱབ་དོ་ཡོདཔ་ཨིན་པས།



ཁྲོམ་རོང་ལས་ སྐྱེས་ལོ་༥༠ ལང་མི་ ཚེ་རིང་སྒྲོལ་དཀར་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ པི་རིའུ་མཆོད་སྐབས་ལུ་ མཆོད་བཤམས་ནང་ མེ་ཏོག་དང་ ཚོགས་རྫས་སྣ་ཚོགས་ ཕུལ་དགོ་ཟེར་ཨིན་པས།
མོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ དུས་སྟོན་དེ་ སྔོན་དང་ཕུ་ ཕམ་ཚུ་གི་སྐབས་ལས་ར་ དར་ནུག་ཟེར་ཨིནམ་ད་ ད་རེས་ནངས་པ་ཡང་ མི་ཚུ་གིས་ སྲོལ་མ་ཉམས་པར་ བརྩི་ནི་འདུག་ཟེར་ཨིན་པས།
ཚོགས་རྫས་ཕུལ་ནི་དེ་ཡང་ དྲོ་པ་ ཉིམ་ཤརཝ་དང་བསྟུན་ཏེ་ མཆོད་བཤམས་ནང་ ཚོགས་ཕུལ་དགོ་མི་དེ་ཡང་ གུ་རུ་རིན་པོ་ཆེ་མཆོག་ ཉིམ་གྱི་འོད་ཟེར་ལུ་ཆིབས་ཏེ་ བྱོནམ་ཨིན་ཟེར་ སླབ་སྲོལ་ཡོད་ནི་དེ་གིས་ ཨིན་ཟེར་ཨིན་པས།
ཚེ་རིང་གིས་ བཤད་དོ་བཟུམ་འབད་བ་ཅིན་ ལོ་ཐོག་ཚུ་ ལེགས་ཤོམ་འོང་ནིའི་དོན་ལུ་ ཚོགས་ཕུལ་ཚར་བའི་ཤུལ་ལས་ རང་སོའི་ཞིང་ནང་སོང་སྟེ་ བསངས་གཏང་སྲོལ་ཡོད་ཟེར་ཨིན་པས།
ཨུ་ར་ལས་ བླམ་རྒྱ་མཚོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཨུ་ར་ལུ་འབད་བ་ཅིན་ མི་ཚུ་གིས་ དྲོ་པ་ ཉིམ་ཤརཝ་ཅིག་ རང་སོའི་ཁྱིམ་ནང་ ཚོགས་ཕུལ་ཞིནམ་ལས་ ཉིན་མ་ གཡུས་ཀྱི་ལྷ་ཁང་ནང་འཛོམས་ཏེ་ འཆམ་དང་ཞབས་ཁྲའི་ ལས་རིམ་ཚུ་ མི་མང་ལུ་ གསལ་སྟོན་འབད་ནི་ཡོད་ཟེར་ཨིན་པས།
དུས་སྟོན་དེ་གི་སྐབས་ གསུང་ཆོག་ལོགས་སུ་སྦེ་ གཏང་ནི་མེད་རུང་ གུ་རུའི་དུས་ཆེན་འབདཝ་ལས་ གསོལ་འདེབས་ལེའུ་བདུན་མ་བཏངམ་ཨིན་ཟེར་ཨིན་པས།
དུས་སྟོན་དེ་ ལོ་ཨ་རྟག་ར་ རང་ཟླ་༤ པའི་ཚེས་༡༠ ལུ་ བརྩིཝ་ཨིན་རུང་ དུས་ཅི་ ཚེས་༡༠ ཆད་ནི་དེ་གིས་ གཡུས་སྒོ་ལ་ལུ་ཅིག་ནང་ ཧེང་ཤུལ་སྦེ་ བརྩི་ཡོདཔ་ཨིན་པས།
ཁྲོམ་དོང་ལས་ ཕོ་སྐྱེས་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཉིནམ་དེ་ དུས་བཟང་ཨིན་པའི་ཁར་ གཡུས་ཁའི་མི་ཚུ་ གཅིག་ཁར་འཛོམས་ཏེ་ དགའ་སྤྲོ་སྟོན་ནིའི་ དུས་ཅིག་ཡང་ཨིནམ་ལས་ ཉིན་མ་ ཕོ་སྐྱེས་ཚུ་གིས་ མདའ་དང་ཁུ་རུ་ལ་སོགས་པའི་ རྩེདམོ་ཚུ་རྩེ་བའི་ཁར་ བུམོ་ཚུ་གིས་ ཞབས་ཁྲ་རྐྱབ་ནི་ཡོད་ཟེར་ཨིན་པས།
ཨུ་ར་རྒེད་འོག་ སྟང་སི་སྦྱིས་ལུ་འབད་བ་ཅིན་ དུས་སྟོན་དེ་ ཤུལ་མའི་ཟླཝ་ནང་རྐྱངམ་གཅིག་ བརྩི་སྲུང་འབད་དོ་ཡོད་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།

No comments:

Post a Comment