གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་བཟའ་སྤྱོད་ལས་འཛིན་གྱིས་ སྐྱ་ནམ་ཚུ་ གོང་ཚད་མར་ཕབ་ཐོག་ལས་ བཙོང་ནིའི་འཆར་གཞི།

སྤུ་ན་གཙང་ཆུ་ལས་འགུལ་ནང་ ཀེ་བ་བཀྲམ་སྤེལ་འབད་ནིའི་དོན་ལུ་ སྣུམ་འཁོར་ཊཱག་ཅིག་ནང་ དོས་རྐྱབ་པའི་བསྒང་།
༡༦/༠༦/༢༠༡༢   ༉ རྒྱལ་ཁབ་ནང་ རུ་པི་མ་ལང་པའི་ དཀའ་ངལ་ལུ་བརྟེན་ ཚོང་པ་ཚུ་གིས་ སྐྱ་ནམ་གྱི་གོང་ཚད་ཚུ་ ཡར་སེང་རྐྱབ་མི་ལུ་བརྟེན་ ལྷན་རྒྱས་གཞུང་ཚོགས་ཀྱི་ བཀའ་རྒྱ་དང་འཁྲིལ་ཏེ་ འབྲུག་བཟའ་སྤྱོད་ལས་འཛིན་གྱིས་ ཕུན་ཚོགས་གླིང་ལུ་ བསིལ་ཚོང་ཁང་༣ སྒོ་ཕྱེ་ཞིནམ་ལས་ བསིལ་ཚོང་ཁང་གཞན་ཚུ་དང་ཕྱདཔ་ད་ གོང་ཚད་ཚུ་ མར་ཕབ་ཐོག་ལས་ བཙོང་ནི་ཨིན་པས།


རྒྱལ་ཁབ་ནང་ རུ་པིའི་དཀའ་ངལ་ འགོ་དང་པ་ཐོན་མི་དང་ ཇའི་སྒང་ལུ་ འབྲུག་པའི་ཏི་རུ་ཚུ་ ལེན་མ་བཏུབ་མི་ལུ་བརྟེན་ ནང་འཁོད་ཀྱི་ བསིལ་ཚོང་འཐབ་མི་ཚུ་གིས་ དམིགས་བསལ་དུ་ བཟའ་འཐུང་གི་རིགས་ཚུ་ གོང་ཚད་ཡར་སེང་ཐོག་ལས་ བཙོང་དོ་ཡོདཔ་ཨིན་པས།
འབྲུག་བཟའ་སྤྱོད་ལས་འཛིན་གྱི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ ཕུན་ཚོགས་གླིང་ལུ་ འབྲུགཔ་རྐྱངམ་གཅིག་གིས་མ་ཚད་ ཧེ་མ་ལས་ཡོད་པའི་ དངུལ་ཀྲམ་ཚུ་ ལག་ལེན་འཐབ་ནིའི་དོན་ལུ་ རྒྱ་གར་གྱི་ མི་ཚུ་གིས་ཡང་ ཚོང་ཉོ་བར་ འོང་དོ་ཡོདཔ་ལས་ བསིལ་ཚོང་འཐབ་མི་ཚུ་གིས་ ཅ་ཆས་ལ་ལུ་ཅིག་ གོང་ཚད་ལོག་ལྟབ་སྦེ་ ཡར་སེང་རྐྱབ་སྟེ་ བཙོངམ་མས་ཟེར་ཨིན་པས།
ད་རེས་ཀྱི་གནས་སྟངས་ནང་ ས་གནས་ཀྱི་ བསིལ་ཚོང་འཐབ་མི་ཚུ་གིས་ ཨོ་ཕྱེ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༢༨༠ རེ་དང་ ཀེ་ཇི་ཕྱེད་ལུ་ དངུལ་ཀྲམ་༡༦༠ རེ་སྦེ་ ལེན་དོ་ཡོདཔ་ད་ འབྲུག་བཟའ་སྤྱོད་ལས་འཛིན་གྱིས་ ཨོ་ཕྱེ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༢༦༠ དང་ ཀེ་ཇི་ཕྱེད་ལུ་ དངུལ་ཀྲམ་༡༤༨.༤༨ སྦེ་ བཙོངམ་ཨིན་པས།
དེ་འབད་ནི་དེ་གིས་ རུ་པིའི་དཀའ་ངལ་ལུ་བརྟེན་ གོང་ཚད་ཡར་སེང་རྐྱབ་མི་ཚུ་ བཀག་དམ་འབད་ཚུགས་ནི་དང་ མི་སེར་ཚུ་གིས་ ཅ་ལ་ཚུ་ ཚུལ་མཐུན་གྱི་ གོང་ཚད་ཁར་ འཐོབ་ཚུགས་ནི་ཨིན་པས།
འབྲུག་བཟའ་སྤྱོད་ལས་འཛིན་གྱི་ བཞེས་སྒོ་དང་འབྲུ་སྣའི་ ཡོངས་ཁྱབ་འཛིན་སྐྱོང་འགོ་དཔོན་འོག་མ་ པདྨ་དབང་ཕྱུག་གིས་འབད་བ་ཅིན་ ད་ལས་ཕར་ ལས་འཛིན་གྱིས་ ཧེ་མ་ལས་ ནང་འདྲེན་འབད་མི་ ཅ་ཆས་ཚུ་གིས་མ་ཚད་ ཅ་ཆས་གཞན་ཡང་ ནང་འདྲེན་འབད་ནི་ཟེར་ཨིན་པས།
སིལ་ཚོང་ཁང་ཚུ་ གཞི་བཙུགས་འབད་ནིའི་དོན་ལུ་ ཕུན་ཚོགས་གླིང་ཁྲོམ་སྡེ་ལས་ གནང་བ་ཐོབ་ཡོདཔ་ལས་ འཕྲལ་མགྱོགས་ར་ སྒོ་ཕྱེ་ནི་ཟེར་ཨིན་པས།
པདྨ་དབང་ཕྱུག་གིས་འབད་བ་ཅིན་ ད་ལྟོ་ ཅ་ཆས་ཀྱི་གཞན་ ག་ཅི་ར་ ནང་འདྲེན་འབད་དགོཔ་ ཡོདཔ་ཨིན་ནའི་སྐོར་ལས་ བལྟ་དགོཔ་ཡོདཔ་ད་ ཚོང་འབྲེལ་ལས་ཁུངས་ཀྱིས་ཡང་ ནང་འདྲེན་འབད་ཆོག་པའི་ གནང་བ་བྱིན་ཏེ་ཡོདཔ་ལས་ ལས་འཛིན་གྱིས་ དགོས་མཁོ་ཆེ་བའི་ ཚོང་རིགས་ཚུ་རྐྱངམ་གཅིག་ ནང་འདྲེན་འབད་ནི་ཟེར་ སླབ་ཨིན་པས།
ཁོ་གིས་སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ ལས་འཛིན་གྱི་ སིལ་ཚོང་ཁང་ཆུང་ཀུ་༡ ཡོད་མི་དེ་ནང་ ཅ་ཆས་ཚུ་ བཙུགས་བཞག་སའི་ ས་གོ་ལངམ་མེད་མི་ལུ་བརྟེན་ ཨོ་ཕྱེ་དང་ ཆུམ་ དེ་ལས་ མར་ཁུ་ཚུ་རྐྱངམ་གཅིག་ ནང་འདྲེན་འབད་ཡོདཔ་ལས་ མི་ཚུ་གིས་ སིལ་ཚོང་ཁང་གཞན་ལས་ ཉོ་འདྲེན་འབད་ཡོདཔ་ཨིན་རུང་ ད་ལས་ཕར་ ལས་འཛིན་གྱིས་ གོང་ཚད་ཉུང་སུ་འབད་མི་ཚུ་ལས་ འགོ་བཟུང་སྟེ་ གོང་ཚད་མཐོ་དྲགས་འབད་མི་ ཅ་ཆས་ཚུ་ག་ར་ ནང་འདྲེན་འབད་ནི་ཟེར་ཨིན་པས།
པདྨ་དབང་ཕྱུག་གིས་འབད་བ་ཅིན་ མི་ཚུ་གིས་ ཚོང་ཁང་གཞན་ཚུ་ནང་ལས་ ཚོང་ཚུ་ཉོ་བའི་སྐབས་ ཚར་ཅིག་ལུ་ ཚོང་ཆས་༣ དེ་རེ་ ཉོ་འདྲེན་འབད་དོ་ཡོདཔ་ལས་ ལས་འཛིན་གྱི་ཚོང་ཁང་ནང་ལས་ ཚོང་ཉོ་མི་ཚུ་གིས་ ཅ་ལ་མ་འདྲཝ་༣ ཉོ་དགོ་པའི་ ལམ་ལུགས་ བཟོ་སྟེ་ཡོད་ཟེར་ཨིན་པས།
དཔེ་འབད་བ་ཅིན་ གླང་ལེབ་བཟུམ་ཅིག་འབད་རུང་ ཕུད་རྡོག་༣ རེ་ ཉོ་དགོ་ནི་དང་ དེ་ཡང་ ལས་འཛིན་གྱི་ སིལ་ཚོང་ཁང་ནང་ལས་ ཅ་ཆས་ཚུ་ བཙོང་ཚུགས་ནི་ལུ་ ལྷན་ཐབས་འབད་ནིའི་ དམིགས་གཏད་ཨིན་ཟེར་ཨིན་པས།
གལ་སྲིད་ ལམ་ལུགས་དེ་ མཐར་འཁྱོལ་འབྱུང་པ་ཅིན་ བསམ་གྲུབ་ལྗོངས་མཁར་དང་ དགེ་ལེགས་ཕུག་ ཐིམ་ཕུ་ དེ་ལས་ དམིགས་བསལ་དུ་ ས་མཚམས་ས་ཁོངས་ཚུ་ནང་ཡང་ འགོ་བཙུག་ནིའི་ འཆར་གཞི་ཡོད་ཟེར་ པདྨ་དབང་ཕྱུག་གིས་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ ཕུན་ཚོགས་གླིང་གི་ཤུལ་ལས་ར་ ཀཱ་ལི་ཁོ་ལ་དང་ སིབ་སུ་ལུ་ཡང་ འགོ་བཙུག་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།
དེ་ལུ་ སྐྱེས་ལོ་༤༥ ལང་མི་ བཀྲིས་དར་རྒྱས་ཀྱིས་འབད་བ་ཅིན་ ལམ་ལུགས་དེ་ ཡིག་ཐོག་ལུ་རྐྱངམ་གཅིག་སྦེ་ མ་གནས་པ་ཅིན་ མི་ཚུ་ལུ་ ཕན་ཐོགས་སྦོམ་སྦེ་ར་ འབྱུང་ཚུགས་ནི་བཟུམ་ཅིག་ མཐོངམ་མས་ཟེར་ཨིན་པས།
ས་གནས་ཀྱི་ སིལ་ཚོང་འཐབ་མི་ ཚོང་པ་ཅིག་གིས་འབད་བ་ཅིན་ འབྲུག་བཟའ་སྤྱོད་ལས་འཛིན་གྱིས་ གོང་ཚད་མར་ཕབ་ཀྱི་ ཐབས་བྱུས་བཏོན་མི་ ལམ་ལུགས་དེ་ནང་ གོང་ཚད་ཀྱི་ཁྱད་པར་སྦོམ་ཅིག་ མི་ཆགས་ནི་ཨིན་རུང་ དེ་གིས་ ཁོང་གི་ཚོང་འབྲེལ་ལུ་ གནོད་པ་འབྱུང་ནི་མས་ཟེར་ སླབ་པའི་གནས་ཚུལ།

No comments:

Post a Comment