གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཤེས་ཚད་ངོས་འཛིན་གྱི་གཞི་རྩ་དང་ འབྲུག་ཤེས་ཚད་གཞི་བཀོད་༢ གསར་བཏོན།

༉ སྤྱི་ཟླ་༦ པའི་ཚེས་༩ ལུ་ འཛམ་གླིང་ཤེས་ཚད་ངོས་འཛིན་གྱི་ཉིནམ་དང་འབྲེལ་ ཤེས་རིག་ལྷན་ཁག་གིས་ ཤེས་ཚད་ངོས་འཛིན་གྱི་གཞི་རྩ་དང་ འབྲུག་ཤེས་ཚད་གཞི་བཀོད་༢ གསར་བཏོན་འབད་ཡི།
གསར་བཏོན་འབད་བའི་སྐབས་ རྒྱལ་གཞུང་གཙུག་ལག་སློབ་སྡེའི་ གཙུག་ལག་གཙོ་འཛིན་འོག་མ་དང་ ཤེས་རིག་དང་ ལས་གཡོག་དྲུང་ཆེན་ སྤྱི་ཚོགས་ཀྱི་འཐུས་མི་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ལྷན་འཛིན་ དེ་ལས་ འབྲུག་ཤེས་ཚད་ངོས་འཛིན་ཚོགས་སྡེའི་འཐུས་མི་ཚུ་ འཛོམས་ཡོདཔ་ཨིན་པས།




གསར་བཏོན་ལས་རིམ་ནང་ ཤེས་རིག་དྲུང་ཆེན་ སངས་རྒྱས་བཟངམོ་གིས་ བཤད་མིའི་ནང་ འབྲུག་གི་ཤེས་ཚད་གཞི་བཀོད་དེ་ གནས་རིམ་སོ་སོའི་ཤེས་ཚད་ཚུ་ གསལ་རིལ་རི་སྦེ་ དབྱེ་བ་ཕྱེ་ནི་དང་ སྤུས་ཚད་ཅན་བཟོ་ནི་ གནས་རིམ་སོ་སོའི་བར་ན་ རྒྱ་བསྐྱེད་ཀྱི་ལམ་རྟེན་བཟོ་ནི་ ཤེས་ཚད་ཚུ་ ཆ་འཇོག་དང་ ཁྱད་བསྡུར་འབད་ནི་ལུ་ དམིགས་ཏེ་ཨིན་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ གཞི་བཀོད་དེ་གིས་ རྒྱལ་ཁབ་ནང་འཁོད་དང་ རྒྱལ་སྤྱིའི་གནས་ཚད་༢ ཆ་རའི་ནང་ ཤེས་ཚད་ངོས་འཛིན་ཡར་སེང་འབད་དེ་ དཔེ་ཆ་ལྷབ་འདོད་ཡོད་མི་ཚུ་ལུ་ གོ་སྐབས་ཡར་སེང་ཐོག་ མི་ཚེའི་རེ་འདོད་ཚུ་ འགྲུབ་བཅུག་འོང་ཟེར་ཨིན་པས།
གཞི་བཀོད་དེ་ནང་ ཤེས་ཚད་ཀྱི་གནས་རིམ་༨ ཀྱི་སྐོར་ལས་ བཀོད་དེ་ཡོདཔ་ད་ དེ་ཡང་ རྒྱལ་སྤྱིའི་ཤེས་རིག་གནས་ཚད་ཀྱི་ དབྱེ་རིམ་ཚུ་ལུ་ གཞི་བཞག་སྟེ་བཟོ་ཡོདཔ་ཨིན་པས།
རྒྱལ་གཞུང་གཙུག་ལག་གཙོ་འཛིན་འོག་མ་ ཌོག་ཊར་ དྲགོས་པདྨ་འཕྲིན་ལས་ཀྱིས་ བཤད་མིའི་ནང་ ལམ་ལུགས་དེ་གིས་ ཤེས་ཡོན་འཕྲོ་མཐུད་སྦྱང་ནིའི་དོན་ལུ་ གོ་སྐབས་མ་ཐོབ་མི་ཚུ་ལུ་ གོ་སྐབས་བྱིན་ཏེ་ ཤེས་ཚད་ཀྱི་གནས་རིམ་གཅིག་ལས་སོ་སོ་ལུ་ ཡར་དྲག་གཏང་ནིའི་ནང་ ཕན་ཐོགས་ཚུགས་ཟེར་ཨིན་པས།
ང་ར་ མི་ཚེའི་རིང་ ཤེས་ཡོན་བྱིན་མི་ཅིག་འབདཝ་ལས་ ད་རེས་ནངས་པ་ ཤེས་ཡོན་རྒྱ་བསྐྱེད་གཏང་ནིའི་དོན་ལུ་ སྤྲོ་བ་སྦོམ་ཡོད་རུང་ གོ་སྐབས་མ་ཐོབ་པར་སྡོད་མི་ ལེ་ཤ་ཡོདཔ་ལས་ ད་ལས་ཕར་ ཁོང་གི་མི་ཚེ་དེ་ ཧེ་མ་བཟུམ་སྦེ་ མི་ཚོར་ཟེར་ དྲགོས་པདྨ་འཕྲིན་ལས་ཀྱིས་ བཤདཔ་ཨིན་པས།
འགོ་དཔོན་ཚུ་གིས་ བཙག་འཐུའི་དོན་ལུ་ འདེམས་ངོ་སྦེ་ འཐོན་དགོ་པ་ཅིན་ ཨིན་ཅིག་མིན་ཅིག་ མཐོ་རིམ་སློབ་གྲྭ་ནང་ལས་ དུས་མཐུན་ཤེས་ཡོན་མཐར་འཁྱོལ་མི་དགོ་ཟེར་ བཀོད་དེ་ཡོད་པའི་སྐོར་ལས་ གྲོས་བསྡུར་འབད་ཡོདཔ་ད་ ལམ་ལུགས་གསརཔ་དང་འཁྲིལཝ་ད་ ཕྱིའི་རྒྱལ་ཁབ་ཚུ་དང་ རྒྱལ་ཁབ་ནང་ན་ ཐག་རིང་ཤེས་ཡོན་དང་ འཕྲོ་མཐུད་ཤེས་ཡོན་འབད་མི་ཚུ་ཡང་ ངོས་འཛིན་ཐོག་ ཆ་གནས་འབད་དགོཔ་འདུག་ཟེར་ཨིན་པས།
ཤེས་རིག་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ད་ལྟོ་ ལམ་ལུགས་འགོ་བཙུགསཔ་ཅིག་ཨིནམ་ལས་ ལག་ལེན་འཐབ་མ་ཚུགས་རུང་ འཕྲལ་མགྱོགས་ར་ གཞི་རྩ་དང་གཞི་བཀོད་ཀྱི་སྐོར་ལས་ མི་མང་ལུ་ གོ་བརྡ་སྤྲོད་ནི་ཨིནམ་མ་ཚད་ གདམ་ངོའི་ཤེས་ཚད་ཀྱི་ཐད་ལུ་ འབྲུག་གི་བཙག་འཐུ་ལྷན་ཚོགས་དང་གཅིག་ཁར་ གྲོས་བསྡུར་དང་ གྲོས་བསྟུན་ཚུ་འབད་དེ་ གཏན་འཁེལ་བཟོ་ནི་ཟེར་ཨིན་པས།
འཛམ་གླིང་ཤེས་ཚད་ངོས་འཛིན་གྱི་ ཉིནམ་དེ་ སྤྱི་ལོ་༢༠༠༦ ཟླཝ་༦ པའི་ཚེས་༩ ལུ་ འགོ་བཙུགས་ཡོདཔ་བཞིན་དུ་ འབྲུག་གི་ཤེས་ཚད་ངོས་འཛིན་ཚོགས་སྡེ་དེ་ སྤྱི་ལོ་༢༠༡༡ ལུ་ གཞི་བཙུགས་འབད་ཡོད་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

No comments:

Post a Comment