གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ས་སྣུམ་པེ་ཊོལ་ ལི་ཊར་རེ་ལུ་ དངུལ་ཀྲམ་༢ མར་ཕབ་རྐྱབ་ཡོདཔ།

༉ རྒྱལ་ཁབ་ནང་ ས་སྣུམ་པེ་ཊོལ་གྱི་གོང་ཚད་དེ་ སྤྱི་ཟླ་༦ པའི་ཚེས་༣ གྱི་ནུབ་མོ་ལས་ དངུལ་ཀྲམ་༡.༨༩ དང་༡.༨༢ ཀྱི་བར་ན་ མར་ཕབ་རྐྱབ་མི་ལུ་བརྟེན་ ད་ལས་ཕར་ ཐིམ་ཕུ་ལུ་ པེ་ཊོལ་ལི་ཊར་རེ་ལུ་ གོང་ཚད་དངུལ་ཀྲམ་༦༥.༨ རེ་གནས་དོ་ཡོདཔ་ད་ སྤྱི་ཟླ་༥ པའི་ཚེས་༢༤ ལུ་ ཡར་སེང་འབད་བའི་སྐབས་ ལི་ཊར་རེ་ལུ་ གོང་ཚད་དངུལ་ཀྲམ་༦༦.༩༣ རེ་གནས་ཡོདཔ་ད་ དེ་ཡང་ འདས་པའི་རེས་གཟའ་སྤེན་པའི་ཚེ་ རྒྱ་གར་ལུ་ རུ་པི་༡.༥༠ དང་༡.༦༠ བར་ན་ མར་ཕབ་རྐྱབ་མི་ལུ་བརྟེན་ཨིན་པས།


ཕུན་ཚོགས་གླིང་ལུ་ ད་ལས་ཕར་ པེ་ཊོལ་ལི་ཊར་རེ་ལུ་ དངུལ་ཀྲམ་༦༣.༣༢ རེ་ཨིནམ་ད་ དེ་བཟུམ་སྦེ་ བསམ་གྲུབ་ལྗོངས་མཁར་དང་ དགེ་ལེགས་ཕུག་ དེ་ལས་ བསམ་རྩེ་ལུ་ ལི་ཊར་རེ་ལུ་ དངུལ་ཀྲམ་༦༣ ལྷགཔ་ཅིག་ གནས་དོ་ཡོདཔ་ཨིན་པས།
པེ་ཊོལ་གི་གོང་ཚད་དེ་ སྤྱི་ཟླ་༥ པའི་ཚེས་༢༤ གི་ནུབ་མོ་ལས་ ལི་ཊར་རེ་ལུ་ དངུལ་ཀྲམ་༦ རེ་ ཡར་སེང་རྐྱབ་མི་དེ་ ད་ཚུན་གྱི་བར་ན་ ཡར་སེང་རྐྱབ་མི་ལས་ མཐོ་ཤོས་ཅིག་ཨིནམ་ད་ ཧེ་མ་འབད་བ་ཅིན་ དངུལ་ཀྲམ་༡ དང་༢ ལས་བརྒལ་ ཡར་སེང་རྐྱབ་ནི་མེདཔ་ཨིན་པས།
རྒྱ་གར་ནིའུ་ལྡི་ལི་དང་ མུམ་བཱའེ་ དེ་ལས་ བཱེང་ལོར་ཚུ་ནང་ གཟའ་སྤེན་པའི་ནུབ་མོ་ལས་ར་ ལྡོག་ཕྱོགས་ཚོགས་པ་གིས་ གཞུང་ལུ་སྙན་ཞུ་ཕུལ་ཏེ་ གོང་ཚད་མར་ཕབ་རྐྱབ་ཡོདཔ་ད་ དེ་ཡང་ གཞུང་གིས་ མར་ཁུའི་གོང་ཚད་ཡར་སེང་རྐྱབ་ལས་ཚུར་ ལྡོག་ཕྱོགས་ཚོགས་པ་དང་ སྣུམ་འཁོར་བཏང་མི་ཚུ་གིས་ ཁྲོམ་སྡེ་ཚུ་ནང་ ངོ་རྒོལ་འགྲེམ་སྟོན་འབད་མི་ལུ་བརྟེན་ཨིན་པས།
རྒྱ་གར་གྱི་ གསར་ཤོག་ཚུ་ནང་ བཀོད་མི་དང་འཁྲིལ་བ་ཅིན་ མར་ཁུའི་གོང་ཚད་ ཡར་སེང་སྦོམ་རྐྱབ་དགོ་མི་དེ་ ཡུ་ཨེསི་ཌོ་ལར་གྱི་གནས་གོང་ ཡར་སེང་སོང་མི་ལུ་བརྟེན་ཨིན་ཟེར་ཨིནམ་ད་ དེ་ཡང་ ད་རེས་ནངས་པ་ ཨེ་མི་རི་ཀའི་ཌོ་ལར་༡ ལུ་ རྒྱ་གར་གྱི་རུ་པི་༥༧ སླབ་དོ་ཡོདཔ་ལས་ རྒྱ་གར་གྱིས་ ཕྱིའི་རྒྱལ་ཁབ་ལས་ ས་སྣུམ་ནང་འདྲེན་འབད་བའི་སྐབས་ ཌོ་ལར་སྤྲོད་དགོ་ནི་དེ་གིས་ ཨིན་ཟེར་ཨིན་པས།
ད་རེས་ གོང་ཚད་མར་ཕབ་རྐྱབ་མི་དེ་གིས་ ཟླ་རིམ་བཞིན་དུ་ ས་སྣུམ་པེ་ཊོལ་དང་ཌི་ཛིལ་ ནང་འདྲེན་འབད་མིའི་ཟད་འགྲོ་ དངུལ་ཀྲམ་ས་ཡ་༡ ལྷགཔ་རེ་ མར་ཕབ་རྐྱབ་ཚུགས་པའི་རེ་བ་ཡོད་ཟེར་ བསྟན་རྒྱས་ལྷན་ཁག་གི་ འགོ་དཔོན་ཚུ་གིས་སླབ་ཡོདཔ་ད་ དེ་ཡང་ ས་སྣུམ་ནང་འདྲེན་འབད་མི་རྐྱངམ་གཅིག་ལུ་ར་ ཟླ་རིམ་བཞིན་དུ་ དངུལ་ཀྲམ་ས་ཡ་༢༦ ལྷགཔ་རེ་ གནས་དོ་ཡོདཔ་ཨིན་པས།
ལྷན་ཁག་གི་ ཕྱིར་ཚོང་འགོ་དཔོན་ ཚེ་རིང་གིས་འབད་བ་ཅིན་ ས་སྣུམ་ནང་འདྲེན་འབད་མིའི་ ཟད་འགྲོ་དེ་ ལོ་བསྟར་བཞིན་དུ་ ཡར་སེང་འགྱོཝ་མས་ཟེར་ཨིནམ་ད་ དེ་ཡང་ སྤྱི་ལོ་༢༠༠༢ ལུ་ དངུལ་ཀྲམ་ས་ཡ་༧༢༠ དེ་ཅིག་གི་རྩིས་ ནང་འདྲེན་འབད་མི་ལས་སྤྱི་ལོ་༢༠༡༡ ལུ་ དངུལ་ཀྲམ་དུང་ཕྱུར་༤ ལྷགཔ་ཅིག་ ཟད་འགྲོ་བཏང་ཡོདཔ་ཨིན་པས།
ས་སྣུམ་ནང་འདྲེན་འབད་མིའི་ ཚད་གཞི་ལས་བཅད་པ་ཅིན་ སྤྱི་ལོ་༢༠༠༢ ལུ་ ས་སྣུམ་ལི་ཊར་ས་ཡ་༤༢ ལྷགཔ་ཅིག་ལས་ ནང་འདྲེན་མ་འབད་རུང་ སྤྱི་ལོ་༢༠༡༡ ལུ་ ལི་ཊར་ས་ཡ་༡༡༡ དེ་ཅིག་འབད་ཡོདཔ་ད་ ནང་འདྲེན་ཡར་སེང་སོང་མི་དེ་ རྒྱལ་ཁབ་ནང་སྣུམ་འཁོར་གྱི་གྱངས་ཁ་ ཡར་སེང་སོང་མི་ལུ་བརྟེན་ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment