གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བྱ་འུག་པའི་ རིགས་གསརཔ་ཅིག་ངོས་འཛིན།

༉ བྱའི་མཁས་མཆོག་ཚུ་གིས་ རྒྱལ་ཁབ་ཀྱི་ དབུས་ཕྱོགས་ལུ་ བྱ་རིགས་གསརཔ་ཅིག་ ངོས་འཛིན་འབད་ཡོདཔ་ད་ དེ་ཡང་ སྤྱི་ཟླ་༤ པའི་ཚེས་༤ ལུ་ ལུང་ནག་ནང་ ནགས་ཚལ་ཡིག་ཚང་གི་ ལས་བྱེདཔ་གོངམ་ དཀོན་མཆོག་རྒྱལ་མཚན་གྱིས་ མཐོང་ཡོདཔ་ཨིན་པས།


དེ་བསྒང་ ཁོ་ར་ བྱ་རིགས་ཀྱི་ ལྟ་སྐོར་ནང་འགྱོ་བའི་སྐབས་ སྤུ་ན་ཁ་ འཛོམས་གླིང་ཐང་ནང་ སྒར་བཅགས་ཏེ་སྡོད་པའི་སྐབས་ མཐོང་ཡོདཔ་ཨིན་པས།
བྱ་འུག་པའི་རིགས་ བཱན་ ཨ་འུལ་ཟེར་མི་དེ་ལུ་ མཚན་རིག་ལས་འབད་བ་ཅིན་ ཊའི་ཊོ་ ཨཱལ་བཱ་ཟེར་ སླབ་དོ་ཡོདཔ་ད་ དཀོན་མཆོག་གིས་འབད་བ་ཅིན་ འུག་པ་དེ་གི་གདོང་ དཀརཔོ་དང་ མིག་ཏོ་གནགཔོ་སྦེ་ འདུག་ཟེར་ཨིནམ་ད་ ཕོཝ་ཡང་ སེརཔོ་མཚམས་ཅིག་འབད་མིའི་གུ་ གནག་ཁྲ་ཚུ་ འདུག་ཟེར་ཨིན་པས།
འུག་པ་དེ་གི་ སྒལ་ཏོག་གི་སྤུ་ཚུ་ སྐྱ་ཐལ་སྦེ་ཡོད་པའི་གུ་ དཀརཔོ་དང་ གནགཔོ་སྦེ་ཡོད་མི་ཁྲ་ཚུ་ བྱ་ཆི་ཆི་འདུག་ཟེར་ སླབ་ཡོདཔ་ད་ ཁོ་གིས་ བྱ་དེ་མཐོང་བའི་སྐབས་ འུག་པ་དེ་ སྒར་གྱི་ཉེ་འདབས་ལུ་ སྟོང་ཕུག་ཤིང་ཅིག་གུ་ ཆགས་སྡོད་ནུག་ཟེར་ཨིནམ་ད་ དེ་བསྒང་ ཨོ་ལ་ཚུ་གིས་ གནོདཔ་བཀལ་ནི་སྦེ་ འདུག་ཟེར་ཨིན་པས།
དཀོན་མཆོག་གིས་ སླབ་མིའི་ནང་ ཁོ་ར་ སྒར་ནང་སྡོད་པའི་སྐབས་ ཨོ་ལ་ཚུ་ གནམ་མེད་ས་མེད་ སྐད་རྐྱབ་སར་ གོ་བའི་ཤུལ་ལུ་ ས་ཁོངས་ནང་ འགྱོ་ལྟཝ་ད་ འུག་པ་དེ་མཐོང་ཡོད་རུང་ ཨོ་ལ་ཚུ་གིས་ བར་ཆད་རྐྱབ་མི་ལུ་བརྟེན་ པར་ཡང་ ལེགས་ཤོམ་སྦེ་ བཏབ་མ་ཚུགས་ཟེར་ཨིན་པས།
དེ་འཕྲོ་ལས་ འུག་པ་དེ་ ཆུ་ཕར་ཁ་ལུ་ འཕུར་སོང་སྟེ་ རྩྭ་ཐུང་ནང་ འཛུལ་སོཔ་ལས་ ཨོ་ལ་ཚུ་གིས་ རྟིང་ཤུལ་བདའ་སྟེ་ འགྱོ་མ་ཚུགས་ཟེར་ཨིན་པས།
ཉིནམ་༡༠ དེ་ཅིག་གི་རྒྱབ་ལས་ དཀོན་མཆོག་གིས་ ས་ཁོངས་དེ་ནང་ ལོག་འགྱོ་ལྟཝ་ད་ དེ་བསྒང་ཡང་ འུག་པ་དེ་ ས་གོ་དེ་ནང་ར་ མཐོང་ཡོདཔ་ད་ དེ་ཡང་གཙོ་བོ་ར་ བྱ་འུག་པ་ཚུ་ རང་སྡོད་སའི་ ས་གོ་གཅིག་ནང་ར་ སྡོད་མི་ལུ་བརྟེན་ཏེ་ཨིནམ་ད་ འུག་པ་ཚུ་གིས་ ཕྱི་རུ་ལས་ དྲོ་པ་ཚུན་ལུ་ ལྟོ་འཚོལ་བཟའ་བར་ འགྱོ་དོ་ཡོདཔ་ཨིན་པས།
དཀོན་མཆོག་གིས་འབད་བ་ཅིན་ ཁོ་གིས་ འུག་པ་དེ་གི་པར་ཚུ་ ཨོ་རྒྱན་དབང་ཕྱུག་རང་བཞིན་དང་ཉམས་སྲུང་སློབ་སྦྱོང་སྤེལ་ཁང་ནང་ བྱའི་མཁས་མཆོག་ བཱཌ་ཤེས་རབ་ལུ་ གློག་འཕྲིན་ཐོག་ལས་ བསྐྱལ་ཡི་ཟེར་ཨིནམ་ད་ ཁོ་གིས་ཡང་ བྱ་དེ་ བཱན་ཨ་འུལ་ཨིན་པའི་ ངོས་འཛིན་འབད་ཡི་ཟེར་ ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment