གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཆེ་མཐོའི་ཞི་གཡོག་འགོ་དཔོན་ཚུ་གནས་སོར།

༉ ཁ་ཙ་ལས་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ ཞི་གཡོག་གི་ བཅའ་ཁྲིམས་དང་ གནས་སོར་གྱི་ བཅའ་ཡིག་དང་འཁྲིལ་ ཆེ་མཐོའི་ཞི་གཡོག་འགོ་དཔོན་༦ གནས་སོར་བཏང་ཡོདཔ་ཨིན་པས།


དེ་ཡང་ ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་དབང་འཛིན་གྱི་མདོ་ཆེན་ བཀྲིས་ནོར་བུ་དེ་ གསོ་བའི་ལྷན་ཁག་འོག་ལུ་ འབྲུག་གི་ གསོ་བའི་བློ་གཏད་མ་དངུལ་གྱི་ བཀོད་ཁྱབ་མདོ་ཆེན་སྦེ་ གནས་སོར་བཏང་ནུག།
བཟོ་སྐྲུན་གོང་འཕེལ་བཀོད་ཚོགས་ཀྱི་ བཀོད་ཁྱབ་མདོ་ཆེན་ དབང་འདུས་རྒྱལ་མཚན་དེ་ ཞི་བའི་མཁའ་འགྲུལ་ལས་ཁུངས་ཀྱི་ མདོ་ཆེན་དང་ ལས་ཁུངས་འདི་གི་ ཡོངས་ཁྱབ་མདོ་ཆེན་ ཕ་ལ་རྡོ་རྗེ་དེ་ བཟོ་སྐྲུན་གོང་འཕེལ་བཀོད་ཚོགས་ཀྱི་ ཡོངས་ཁྱབ་མདོ་ཆེན་སྦེ་ གནས་སོར་བཏང་ཡོདཔ་ཨིན་པས།
རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་གྱི་ ཡོངས་ཁྱབ་མདོ་ཆེན་བགྲེསཔ་ ཕུན་ཚོགས་དབང་འདུས་དེ་ འབྲུག་སྨྱོ་རྫས་དམ་འཛིན་ལས་སྡེའི་ ཡོངས་ཁྱབ་མདོ་ཆེན་དང་ འབྲུག་སྨྱོ་རྫས་དམ་འཛིན་ལས་སྡེའི་ བཀོད་ཁྱབ་མདོ་ཆེན་ ཀུན་ལེགས་རྡོ་རྗེ་དེ་ རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་གྱི་ མདོ་ཆེན་སྦེ་ གནས་སོར་བཏང་ནུག།
རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་གྱི་ ཡོངས་ཁྱབ་མདོ་ཆེན་ ཀུན་དགའ་ཚེ་རིང་དེ་ ཚོང་འབྲེལ་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ཨིན་པས།
ད་རུང་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ ཚོང་འབྲེལ་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ བསོད་ནམས་པི་དབང་འདུས་དེ་ བསྟན་རྒྱས་ལྷན་ཁག་གི་ མཉམ་འབྲེལ་དྲུང་ཆེན་སྦེ་ བསྐོ་བཞག་འབད་ཡོདཔ་མ་ཚད་ དམངས་རྩིས་ལས་ཁུངས་ཀྱི་མདོ་ཆེན་ ཉིམ་རྡོ་རྗེ་དེ་ དངུལ་རྩིས་ལྷན་ཁག་གི་ མཉམ་འབྲེལ་དྲུང་ཆེན་སྦེ་ བསྐོ་བཞག་འབད་ཡོདཔ་ཨིན་པས།
མཉམ་འབྲེལ་དྲུང་ཆེན་ཚུ་ ག་ར་གིས་ བཅའ་མར་གཏོགས་ཆོག་པའི་ དོ་འགྲན་ཅིག་ འགོ་འདྲེན་འཐབ་སྟེ་ གདམ་འཐུའི་དྲི་བ་དྲིས་ལན་ཚུ་ལུ་ གཞི་བཞག་ཐོག་ལས་ བསྐོ་བཞག་འབད་ཡོད་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment