གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གནས་ཚུལ་བདག་དབང་ཁྲིམས་ལུགས་ཞལ་འཛོམས་ མཇུག་བསྡུ་ཡོདཔ།

༉ ཁ་ཙ་ ཐིམ་ཕུ་ གཏེར་མ་གླིང་ཀ་ནང་སྦེ་ མཇུག་བསྡུ་མི་ གནས་ཚུལ་བདག་དབང་ཁྲིམས་ལུགས་ཀྱི་ གོ་བརྡའི་ཞལ་འཛོམས་སྐབས་ བཅའ་མར་གཏོགས་མི་ཚུ་གིས་ འབྲུག་ལུ་ གནས་ཚུལ་བདག་དབང་གི་ ཁྲིམས་ལུགས་དེ་ ད་ལྟོ་དགོས་མཁོ་མེདཔ་སྦེ་སླབ་མི་ལུ་ ལུང་ཕྱོགས་མཁས་མཆོག་ཚུ་གིས་ ཁྲིམས་ལུགས་ ངོ་སྤྲོད་འབད་དང་མི་འབད་དེ་ མི་སེར་ཚུ་གིས་ ཐག་བཅད་དགོཔ་འོང་ཟེར་སླབ་ཅི།

ཉིན་གྲངས་༢ འབད་མི་ ཞལ་འཛོམས་ ཉིནམ་དང་པའི་སྐབས་ལུ་ སྤྱི་ཚོགས་ཀྱི་འཐུས་མི་ཚུ་གིས་ རྒྱལ་ཁབ་ཀྱི་གཞུང་སྐྱོང་ལམ་ལུགས་ནང་ དྭངས་གསལ་ཚུ་ ཧེ་མ་ལས་ར་ཡོདཔ་ལས་ དེ་བཟུམ་མའི་ ཁྲིམས་ལུགས་ཚུ་ ལོགས་སུ་སྦེ་ གཞི་བཙུགས་འབད་དགོཔ་མེདཔ་མ་ཚད་ དེ་ལུ་བརྟེན་ གཞུང་ལུ་ ཟད་འགྲོ་སྦོམ་གནས་ནི་ཨིནམ་སྦེ་སླབ་ཨིན་པས།
མཁས་མཆོག་ཚུ་གིས་ ཞལ་འཛོམས་མཇུག་བསྡུ་བའི་སྐབས་ལུ་ཡང་ དོགས་བསལ་ཚུ་འབད་ཡོདཔ་བཞིན་དུ་ རྒྱ་གར་གྱི་ རྒྱལ་ཡོངས་གྲངས་ཉུང་ཚོགས་སྡེའི་ཁྲི་འཛིན་ ཝ་ཇ་ཧཱཊ་ ཧ་བི་བུ་ལ་གིས་འབད་བ་ཅིན་ མ་གཞི་ ཁོ་ར་ཡང་ ཧེ་མ་ ཞི་གཡོགཔ་ཅིག་སྦེ་ ལཱ་འབད་བའི་སྐབས་ལུ་ ཁོ་རའི་ཡིག་ཚང་ནང་ དྭངས་བསལ་ཡོད་ཟེར་ མནོ་སྡོད་ཡོདཔ་ཨིན་རུང་ གནས་ཚུལ་བདག་དབང་ཁྲིམས་ལུགས་ འགོ་བཙུགས་ཞིནམ་ལས་ དྭངས་གསལ་མེད་པའི་ཤེས་གསལ་བྱུང་ཡི་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ གལ་སྲིད་ ཁྲིམས་ལུགས་དེ་ལུ་ དགོས་མཁོ་ཡོད་པའི་མངོན་གསལ་བྱུང་སྟེ་ ལག་ལེན་འཐབ་པ་ཅིན་ དེ་གིས་ མི་ངོ་རེ་རེ་བཞིན་ལུ་ ཕན་ཐབས་འབྱུང་ནི་ཨིནམ་ལས་ མ་འོངས་ཡུན་རིང་ལུ་ གཞི་བཙུགས་འབད་དགོཔ་འོང་ཟེར་ཨིན་པས།
ཧ་བི་བུ་ལ་གིས་འབད་བ་ཅིན་ ག་དེམ་ཅིག་སྦེ་ ཁྲིམས་ལུགས་དེ་ དགོས་མཁོ་ཆེ་བའི་གསལ་སྟོན་བྱུང་རུང་ ལྷན་ཚོགས་གཞི་བཙུགས་མ་འབད་བར་ དྲང་ཁྲིམས་ལམ་ལུགས་ཚུ་ རྒྱ་བསྐྱེད་འབད་བ་ཅིན་ དེ་གིས་ འཐུས་ནི་མས་ཟེར་ཨིན་པས།
ཁྲིམས་ལུགས་གཞི་བཙུགས་འབད་བ་ཅིན་ ད་ལྟོ་ཡོད་པའི་ ཕན་ཁྱད་ཅན་གྱི་ལས་སྡེ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཚུ་གི་ ལྕོགས་གྲུབ་ཚུ་ལུ་ཡང་ ལྷན་ཐབས་བྱུང་འོང་ཟེར་ མཁས་མཆོག་ཚུ་གིས་བཤདཔ་ཨིན་པས།
རྒྱ་གར་གྱི་ བརྡ་དོན་ལྷན་ཚོགས་གཙོ་འཛིན་ ས་ཏི་ཡ་ནཱན་ད་མིཤ་ར་གིས་འབད་བ་ཅིན་ ཁྲིམས་ལུགས་ལག་ལེན་འཐབ་ནི་ལུ་ ཟད་འགྲོ་དུམ་གྲ་རེ་ གཏང་དགོཔ་འཐོན་ནི་ཨིན་རུང་ ཟད་འགྲོ་ཚུ་ འབོར་ཚད་ག་དེམ་ཅིག་ གནས་ནི་ཨིན་ན་ ད་ལྟོ་ སླབ་མི་ཤེས་ཟེར་ཨིན་པས།
རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ ཀརྨ་ལྷ་མོ་གིས་འབད་བ་ཅིན་ ཁྲིམས་ལུགས་དེ་ འགོ་བཙུགས་ཏེ་འབད་རུང་ ནང་འཁོད་དབྱེ་རིམ་ ལེ་ཤ་ཡོད་མི་ལུ་བརྟེན་ མཐའན་མཇུག་ལུ་ དེ་གིས་ཤུགས་ཐོན་མ་ཚུགས་པར་ ལུས་ནི་བཟུམ་ཅིག་ཡང་མཐོངམ་མས་ཟེར་བཤདཔ་ཨིན་པས།
ས་ཏི་ཡམ་ནཱན་ད་ མིཤ་ར་གིས་འབད་བ་ཅིན་ སྤྱིར་བཏང་ གཞུང་གི་ལས་སྡེ་གིས་ འབད་སྲིད་ནི་ཨིན་རུང་ ཁྲིམས་ལུགས་བསྟར་སྤྱོད་འབད་མི་ ལས་སྡེ་གིས་ བརྡ་དོན་ཚུ་ རྒྱལ་ཁབ་ཀྱི་སྲུང་སྐྱོབ་དང་ དཔལ་འབྱོར་དང་ འབྲེལ་བ་ཡོད་མེད་ བལྟ་དགོ་ཟེར་ཨིན་པས།
ཞལ་འཛོམས་ནང་བཅའ་མར་གཏོགས་མི་ ཅིག་གིས་འབད་བ་ཅིན་ རྒྱལ་ཁབ་ཀྱི་ཁྲིམས་ལུགས་ བརྒྱ་ཆ་༡༠ རེ་མ་གཏོགས་ ལག་ལེན་ཐོག་མེདཔ་ལས་ གནས་ཚུལ་བདག་དབང་ཁྲིམས་ལུགས་ གཞི་བཙུགས་འབད་བ་ཅིན་ དཀའ་ངལ་ཐེབས་འཐོན་ནིའི་གཞི་ཅིག་ཨིན་ཟེར་བཤད་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment